ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པུ་ཡི་རྒྱལ་རྒྱུད་འཛིན་མཁན་མུ་ཧན་མའོ་ཏི་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-16


  སྤྱི་ཟླ་12པའི་ཚེས་14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པུ་ཡི་རྒྱལ་རྒྱུད་འཛིན་མཁན་མུ་ཧན་མའོ་ཏི་དང་མཇལ་འཕྲད་གནང་།

  ཞི་ཅིན་ཕིང་གིས་དེང་སྐབས་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་ཕྱིན་ཏེ་ཕྱོགས་ཡོངས་དང་དངོས་དོན། ཕན་ཕྱོད་ལྡན་པ། མགྱོགས་མྱུར་འཕེལ་རྒྱས་སུ་འགྲོ་བ་བཅས་ཀྱི་རྣམ་པ་གསར་པ་ཞིག་གསར་དུ་གཏོད་པ་རེད། ཀྲུང་གོའི་ཕྱོགས་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དེ་ཀྲུང་གོའི་མཚོ་ཁུག་ས་ཁུལ་གྱི་གྲོགས་པོ་བཟང་པོ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་འཐབ་ཇུས་མཛའ་འབྲེལ་ཆུ་ཚད་མཐོར་འདེགས་སུ་གཏང་སྟེ་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་བར་གྱི་མཉམ་འབྲེལ་མཉམ་རྒྱལ་གྱི་རྣམ་པ་གསར་པའི་མཉམ་འབྲེལ་གསར་དུ་གཏོད་འདོད་ཅེས་བསྟན།

  མུ་ཧན་མའོ་ཏི་ཡིས་ཀྲུང་གོ་ནི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་འདུག ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་མཉམ་དུ་འཐབ་ཇུས་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བ་དང་ཀྲུང་གོར་མ་དངུལ་འཇོག་ཤུགས་ཆེ་རུ་གཏང་བ། དེ་མིན་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་དང་མཁའ་སྤྱོད། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱེད་ངེས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1