མོའོ་རྫོང་གི་ནགས་སྲུང་མེ་འགོག་གི་དྲིལ་བསྒྲགས་ལས་ཀ་རྫོང་ཡོངས་ཀྱི་གྲོང་རྡལ་21ལ་ཁྱབ།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 12-16


  ཉེ་ཆར། མོའོ་རྫོང་ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས་ཅུས་ཀྱིས་ནགས་སྲུང་གཞུང་སྒྲུབ་ཁང་གི་མི་སྣ་རྩ་འཛུགས་བྱས་ཏེ་གཞི་རིམ་གྱི་དམངས་ཚོགས་ལ་《ནགས་སྲུང་མེ་འགོག་གི་སྲོལ་ཡིག》བཅས་ནགས་ཚལ་སྲུང་སྐྱོབ་དང་འབྲེལ་བའི་ཁྲིམས་ལུགས་ཤེས་བྱ་དྲིལ་བསྒྲགས་བྱས་ཤིང་དམངས་ཚོགས་ཀྱི་ནགས་སྲུང་ཉེན་འགོག་གི་འདུ་ཤེས་མཐོར་འདེགས་སུ་གཏང་བར་ཕན་ནུས་གལ་ཆེན་ཐོན། མིག་སྔར་བར། ནགས་སྲུང་ཉེན་འགོག་གི་གསལ་བརྡ་དང་འབྲེལ་བའི་ཁྲིམས་ལུགས་ཤེས་བྱའི་ཡིག་ཆ་ཁྱོན་བསྡོམས་48000དང་རི་མོའི་དེབ་10000། དེ་མིན་ལི་ཐོ་4700འགྲེམ་སྤེལ་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1