ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་པའི་དབུ་ཁྲིད་ཚན་ཆུང་གིས་སྐབས་དགུ་པའི་གྲོས་ཚོགས་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-16


  



  སྤྱི་ཟླ་12པའི་ཚེས་15ཉིན། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་པའི་དབུ་ཁྲིད་ཚན་ཆུང་གིས་སྐབས་དགུ་པའི་གྲོས་ཚོགས་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། དབུ་ཁྲིད་ཚན་ཆུང་གི་འགན་འཛིན་པ་ཝང་ཏུང་མིང་གི་ཚོགས་འདུ་ལ་གཙོ་སྐྱོང་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན། དབུ་ཁྲིད་ཚན་ཆུང་གི་འགན་འཛིན་གཞོན་པ་ཝེ་ཧུང་། ཞིང་ཆེན་ཏང་ཨུའི་ཧྲའུ་ཅི་གཞོན་པ། དབུ་ཁྲིད་ཚན་ཆུང་གི་འགན་འཛིན་གཞོན་པ་དབྱིན་ལེ་གྲོས་ཚོགས་ལ་ཞུགས།

  གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་པའི་དབུ་ཁྲིད་ཚན་ཆུང་གི་གྲོས་ཚོགས་སྐབས་བཅུ་དྲུག་པ་དང་བཅུ་བདུན་པ། བཅོ་བརྒྱད་པ། བཅུ་དྲུག་པ་བཅས་ཀྱི་སྟེང་གི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་པར་མ་ཟད། སི་ཁྲོན་ཞིང་ཆེན་གྱིས་འགན་ལེན་བྱས་ཤིང་ཀྲུང་དབྱང་གིས་བཀོད་སྒྲིག་གནང་བའི་བཅོས་བསྒྱུར་ཚོད་ལྟའི་གནས་ཚུལ་དང་སི་ཁྲོན་ཞིང་ཆེན་གྱིས་སྦྲེལ་མཐུད་བྱས་པའི་ཀྲུང་དབྱང་གི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་པའི་དབུ་ཁྲིད་ཚན་ཆུང་གི་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི་ཆེད་དོན་བཅོས་བསྒྱུར་གྱི་ཇུས་གཞིའི་གནས་ཚུལ་གྱི་སྙན་ཞུ་ལ་གསན།

  གྲོས་ཚོགས་སྟེང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་གཏིང་ཟབ་པའི་སྒོ་ནས་སློབ་སྦྱོང་དོན་འཁྱོལ་ཡོང་བ་དང་མགྱོགས་མྱུར་ངང་གསར་གཏོད་དང་དོ་མཉམ། ལྗང་བསྒྱུར། སྒོ་འབྱེད། ཉམས་སྤྱོད་བཅས་ཀྱི་འཕེལ་རྒྱས་ལ་ཕན་པའི་ལམ་ལུགས་སྒྲིག་འཛུགས་དང་མགྱོགས་མྱུར་སྒོས་རྣམ་པ་གསར་པའི་དཔལ་འབྱོར་འཕེལ་རྒྱས་དང་མཐུན་པའི་ལམ་ལུགས་དང་འཕེལ་རྒྱས་ཐབས་ལམ་ལ་མཐུན་སྦྱོར་བྱེད་དགོས་པ། ལྷག་པར་དུ་སི་ཁྲོན་ཞིང་ཆེན་གྱི་རིམ་འཕར་བསྒྱུར་བཀོད་དང་སྒོ་འབྱེད་རྒྱ་སྐྱེད། དབུལ་སྒྲོལ་འགག་སྒྲོལ། དམངས་འཚོ་ལེགས་བཅོས། སྐྱེས་ཁམས་འཛུགས་སྐྲུན་སོགས་གལ་ཆེའི་ལས་ཀ་ལ་ཡང་བསྐྱར་ཇུས་གཞི་བཟོ་དགོས་པ་དང་འཕེལ་རྒྱས་སྒུལ་ཤུགས་གོང་འཕེལ་དུ་གཏང་བ། མི་དང་རང་བྱུང་ཁོར་ཡུག་བར་གྱི་འབྲེལ་བ་སྙོམས་སྒྲིག་བྱེད་པ། དེ་མིན་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་འགན་སྲུང་བྱེད་པ་བཅས་ཀྱི་ཐད་ལ་དངོས་ཡོད་དང་མཐུན་པའི་ལམ་ལུགས་འཛུགས་སྐྲུན་བྱས་ཏེ་སི་ཁྲོན་ཞིང་ཆེན་གྱི་ཚན་རིག་འཕེལ་རྒྱས་དང་བསྒྱུར་བཀོད་འཕེལ་རྒྱས་ལ་རྒྱུན་མཐུན་གྱི་སྐུལ་ཤུགས་སྣོན་དགོས་ཞེས་བསྟན།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1