ལི་ཁེ་ཆང་གིས་ཁེར་གྷི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ས་ལི་ཡུས་ཧྥུ་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-18


  སྤྱི་ཟླ་12པའི་ཚེས་16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་དང་ཧྲང་ཧེ་མཉམ་འབྲེལ་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཙུང་ལིའི་གྲོས་ཚོགས་ཐེངས་བཅུ་བཞི་བར་ཞུགས་པར་ཕེབས་པའི་ཁེར་གྷི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ས་ལི་ཡུས་ཧྥུ་དང་གྲོས་མོལ་མཛད།

  ལི་ཁེ་ཆང་གིས་ཀྲུང་གོ་དང་ཁེར་གྷི་སི་ཐན་ནི་ཁྱིམ་མཚེས་བཟང་པོ་དང་མཛའ་འབྲེལ་གྱི་ལོ་རྒྱུས་ཀྱི་རིང་བའི་རྒྱལ་ཁབ་གཉིས་ཡིན། ཀྲུང་གོའི་ཕྱོགས་ནས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད། ཁེར་གྷི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་། མངའ་ཁོངས་གཅིག་གྱུར་བཅས་ལ་རྒྱབ་སྐྱོར་དང་ཁེར་གྷི་སི་ཐན་མི་དམངས་ཀྱི་བདམས་པའི་འཕེལ་རྒྱས་བགྲོད་ལམ་ལ་བརྩི་འཇོག་བྱེད་པར་མ་ཟད་ཁེར་གྷི་སི་ཐན་མཉམ་དུ་ཆབ་སྲིད་ཡིད་ཆེས་སྲ་བརྟན་དང་ཕྱོགས་ཡོངས་དངོས་དོན་མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་གསར་པར་སྐུལ་འདེད་གཏང་འདོད་ཅེས་བསྟན།

  ས་ལི་ཡུས་ཧྥུ་ཡིས་ཀྲུང་གོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཙུང་ལིའི་གྲོས་ཚོགས་ཐེངས་བཅུ་བཞི་བ་བདེ་བླག་ངང་བསྡུས་པར་རྟེན་འབྲེལ་ཞུས་ཤིང་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏང་རྒྱུ་ནི་ཁེར་གྷི་སི་ཐན་སྲིད་གཞུང་གི་ཕྱི་འབྲེལ་དམིགས་བསལ་སྲིད་ཇུས་ཡིན། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ཁེར་གྷི་སི་ཐན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དང་ནུས་ཁུངས། སྤྱི་ཚོགས་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ནས་དངུལ་གཏོང་མཉམ་ལས་སྤེལ་བར་བཀའ་དྲིན་ཞུས་པ་དང་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད། ཀྲུང་གོ་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱས་ནས། ཐོན་ནུས་མཉམ་ལས་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་ལས་གཞི་མཉམ་ལས་ལ་སྐུལ་འདེད་གཏང་བ་དང་། གང་མགྱོགས་སྒོས་ཀྲུང་གོ་དང་ཁེར་གྷི་སི་ཐན་བར་གྱི་ལྕགས་ལམ་ལས་གཞི་ལག་བསྟར། ཕྱོགས་གཉིས་ཀྱི་བཟོ་ཚོང་རྒྱ་བསྐྱེད། འཇིགས་སྐུལ་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཛའ་འབྲེལ་སྔར་ལས་གོང་འཕེལ་དུ་གཏང་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1