ལི་ཁེ་ཆང་གིས་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཧྭ་མིན་ཏི་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-08


  སྤྱི་ཟླ་1པོའི་ཚེས་6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ནན་ཧེ་ནས་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཧྭ་མིན་ཏི་དང་མཇལ་འཕྲད་གནང་།

  ལི་ཁེ་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇིའི་བར་གྱི་མཐོ་རིམ་འགྲོ་འོང་ལ་རྒྱུན་འཁྱོངས་དང་འཕེལ་རྒྱས་འཐབ་ཇུས་ལ་སྦྲེལ་མཐུད་བཟང་བོ་བྱེད་པ། གསར་གཏོད་དང་དངུལ་རྩ། ཉིང་རྡུལ་གློག་ཤུགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་བརྗེ་རེས་མཐུན་སྦྱོར་དམ་ཟབ་ཏུ་གཏང་བ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་མུ་མཐུད་སྐུལ་འདེད་གཏང་སྟེ་མཉམ་དུ་ས་ཁུལ་གཏན་འཇགས་དང་འཛམ་གླིང་ཞི་བདེ་ལ་འགན་སྲུང་བྱ་འདོད་ཅེས་བསྟན།
  ལི་ཁེ་ཆང་གིས་དེང་སྐབས་ཀྲུང་གོའི་དཔལ་འབྱོར་རྣམ་པ་བསྒྱུར་བཀོད་ཀྱི་དུས་མཚམས་སུ་སླེབས་ཤིང་། དེའི་ཁྱད་ཆོས་གཙོ་བོ་ནི་རང་བྱུང་ཐོན་ཁུངས་ལ་རྒྱབ་རྟེན་བྱེད་པ་ནས་མི་ཤུགས་ཐོན་ཁུངས་དང་གསར་གཏོད་ཀྱིས་སྐུལ་འདེད་བྱེད་པར་བརྟེན་པའི་ཕྱོགས་སུ་བསྒྱུར་བཞིན་པ་དེ་ཡིན། དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་སློང་བྱས་ཏེ་མུ་མཐུད་དུ་སྲོལ་རྒྱུན་བཟོ་སྐྲུན་ལས་རིགས་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏང་བའི་རྨང་གཞིའི་སྟེང་སྟོབས་ཤུགས་ཆེན་པོས་གསར་དར་ཞབས་ཞུ་ལས་རིགས་དང་གསར་དར་ལས་རིགས་འཕེལ་རྒྱས་གཏང་དགོས། དེས་ཀྲུང་གོ་དང་དབྱིན་ཇིའི་བར་གྱི་མཉམ་ལས་ཐད་ལ་གོ་སྐབས་ཆེན་པོ་བསྐྲུན་པ་དང་ཀྲུང་གོས་མུ་མཐུད་དུ་སྒོ་འབྱེད་རྒྱ་བསྐྱེད་དང་། ཚོང་རར་འཇུག་པའི་ཚད་གཞི་ཇེ་ལྷོད་དུ་གཏོང་བ་དང་ཀྲུང་གོའི་ཕྱི་ཕྱོགས་ཁེ་ལས་ཐད་ནས་གཅིག་མཐུན་གྱི་ལྟ་ཚུལ་བཟུང་ནས་ཁོ་ཚོར་ཡུན་རིང་གཏན་འཇགས་ཀྱི་འཕེལ་རྒྱས་མདུན་ལྗོངས་འདོན་སྤྲོད་བྱ་དགོས་ཞེས་བསྟན།
  ཧྭ་མིན་ཏི་ཡིས་དབྱིན་ཇི་དང་ཀྲུང་གོའི་འཐབ་ཇུས་འབྲེལ་བ་མུ་མཐུད་དུ་གཏིང་ཟབ་རུ་གཏོང་དགོས་པའི་བསམ་ཚུལ་བསྟན། དེ་མིན་དབྱིན་ཇིའི་ཕྱོགས་ནས་ཀྲུང་གོའི་དཔལ་འབྱོར་བསྒྱུར་བཀོད་ཀྱི་གོ་རིམ་ཁྲོད་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཉིང་རྡུལ་གློག་ཤུགས་དང་དངུལ་རྩ། ཚན་རིག་གསར་གཏོད། སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་སྐུལ་འདེད་གཏང་སྟེ་སྔར་ལས་དམ་ཟབ་ཡིན་པའི་དཔལ་དབྱོར་དང་བཟོ་ཚོང་། དངུལ་འཇོག་བཅས་ཀྱི་མཉམ་ལས་འབྲེལ་བ་བསྐྲུན་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1