རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-08


  སྤྱི་ཟླ་1པའི་ཚེས་6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་འཚོགས། གྲོས་ཚོགས་ལས་ཕྱོགས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཙུང་ལི་ལི་ཁེ་ཆང་རྣམ་གཉིས་ཀྱིས་བདེ་འཇགས་ཐོན་སྐྱེད་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་ནན་མོ་བྱས་ཏེ་མི་དམངས་ཀྱི་ཁེ་ཕན་དམིགས་སུ་འཛིན་རྒྱུན་འཁྱོངས་དང་བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་སྲ་བརྟན། ཁེ་ལས་ཀྱི་གཙོ་ཤུགས་འགན་འཁྲི་དང་སྡེ་ཁག་གི་ལྟ་སྐུལ་འགན་འཁྲི། ཏང་ཨུ་དང་སྲིད་གཞུང་དབུ་ཁྲིད་པའི་འགན་འཁྲི་བཅས་འགན་འཁྲིའི་མ་ལག་གསུམ་ལག་བསྟར་བཟང་བོ་བྱ་དགོས། དེ་མིན་བཅོས་བསྒྱུར་གསར་གཏོད་་དང་ཁྲིམས་ལྟར་བཅོས་སྐྱོང་། རྨང་གཞིའི་འཛུགས་བསྐྲུན། ཆེད་གཉེར་བཅོས་སྐྱོང་བཅས་རྣམ་གྲངས་བཞིའི་ལས་ཀ་གཙོ་གནད་དུ་འཛིན་དགོས། འབད་པ་ཆེན་པོས་དོན་རྐྱེན་བྱུང་བའི་གྲངས་ཀ་དང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཇེ་ཉུང་དུ་གཏང་དགོས། དོན་རྐྱེན་ཚབས་ཆེན་བསྟུན་མར་བྱུང་བའི་གནས་བབ་ལ་སྔོན་འགོག་དང་ཚོད་འཛིན་བྱས་ཏེ་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་བབ་མུ་མཐུད་དུ་བརྟན་འཇགས་ངང་སྤེལ་བར་སྐུལ་འདེད་གཏང་དགོས་ཞེས་བསྟན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1