ཞི་ཅིན་ཕིང་དང་ལེ་ཁེ་ཆང་གིས་བདེ་འཇགས་ཐོན་སྐྱེད་ལས་ཀར་ཤུགས་སྣོན་བྱ་དགོས་པའི་ཐད་ནས་མཛུབ་སྟོན་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-08


སྤྱི་ཟླ་1པའི་ཚེས་6ཉིན་བསྒྲགས་པའི་གསར་འགྱུར། ཉེ་ལམ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་གྲོས་ཚོགས་སྟེང་གཏམ་བཤད་གལ་ཆེན་གནང་སྟེ་བདེ་འཇགས་ཐོན་སྐྱེད་བྱ་བར་ཕྱོགས་ཡོངས་ནས་ཤུགས་སྣོན་བྱེད་དགོས་པའི་ཐད་ནས་རེ་འཆར་གསལ་པོ་བཏོན་པ་དང་ཉམས་མྱོང་ལས་ང་ཚོར་སྤྱི་གཞུང་གི་བདེ་འཇགས་དེ་དོན་དག་ཆུང་ཆུང་ཞིག་གཏན་ནས་མིན་པའི་བསླབ་བྱ་གནང་བས་ངེས་པར་དུ་བདེ་འཇགས་འཕེལ་རྒྱས་རྒྱུན་འཁྱོངས་དང་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ལམ་ལུགས་ལག་བསྟར་བཟང་པོ་བྱས་ཏེ་རིགས་མི་འདྲ་བའི་བདེ་འཇགས་ཐད་ཀྱི་ཉེན་ཁ་སྣ་ཚོགས་བཀག་འགོག་བྱེད་པ་དང་དོན་རྐྱེན་ཆེན་པོ་འབྱུང་བར་གཏན་ནས་བཀག་འགོག་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱ་དགོས་དགོས་ཞེས་བསྟན། 

ཞི་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་ལས་ཀར་ཤུགས་སྣོན་བྱེད་དགོས་པའི་ཐད་ནས་རེ་བ་ལྔ་བཏོན་ཏེ། གཅིག་ནི་ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་བདེ་འཇགས་འཕེལ་རྒྱས་ལ་འགན་སྲུང་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ལམ་ལུགས་ལག་བསྟར་ནན་མོ་བྱ་དགོས། གཉིས་ནི་ངེས་པར་དུ་བཅོས་བསྒྱུར་གསར་གཏོད་གཏིང་ཟབ་ཏུ་སྤེལ་ཏེ་བདེ་འཇགས་ལྟ་སྐུལ་དོམ་ལས་ཀར་ཤུགས་སྣོན་དང་ལེགས་བསྒྱུར་བྱ་དགོས། གསུམ་ནི་ངེས་པར་དུ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པར་ཤུགས་སྣོན་བྱས་ཏེ་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་བདེ་འཇགས་ཐོན་སྐྱེད་གནད་དོན་ཐག་གཅོད་བྱ་དགོས། བཞི་ནི་ངེས་པར་དོན་རྐྱེན་མང་པོ་འབྱུང་བའི་གནས་ཚུལ་ལ་གཏན་ནས་བཀག་འགོག་བྱ་དགོས། ལྔ་ནི་ངེས་པར་དུ་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ་བདེ་འཇགས་འགན་སྲུང་ནུས་པ་མཐོར་འདེགས་སུ་གཏང་དགོས།།

       ལི་ཁེ་ཆང་གིས་དེང་སྐབས་བདེ་འཇགས་ཐོན་སྐྱེད་གནས་བབ་སྔར་བཞིན་ཚབས་ཆེན་ཡིན་པས་ངེས་པར་དུ་མཐོང་ཆེན་ཚད་མཐོན་པོ་བྱ་དགོས། ས་གནས་སོ་སོའི་སྡེ་ཁག་སོ་སོས་མི་དམངས་ཀྱི་ཁེ་ཕན་དམིགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་སྲ་བརྟན་དུ་གཏང་བ་དང་སྔར་ལས་ལྷག་པའི་འབད་པ་དང་ཕན་ཕྱོད་ལྡན་པའི་བྱེད་ཐབས། འཐུས་ཚང་ཡིན་པའི་ལམ་ལུགས་སྤྱད་དེ་གོམ་གང་མདུན་སྤོས་སྒོས་ཁེ་ལས་ཀྱི་གཙོ་ཤུགས་འགན་འཁྲི་དང་སྡེ་ཁག་གི་ལྟ་སྐུལ་འགན་འཁྲི། ཏང་ཨུ་དང་སྲིད་གཞུང་དབུ་ཁྲིད་པའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་ལས་ཀ་ཁག་ལེགས་པོ་བསྒྲུབ་དགོས། དེ་མིན་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་བཅོས་སྐྱོང་ལ་ཤུགས་སྣོན་དང་མགྱོགས་མྱུར་སྒོས་བཅོས་སྐྱོང་མ་ལག་དང་སྔོན་འགོག་ཚོད་འཛིན་མ་ལག སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏང་བ། ཁྲིམས་ལྟར་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་འགན་ཤོར་ལས་འཛོལ་བྱུང་བ་སྤྱོད་ལམ་ལ་ཆད་གཅོད་པ། དོན་རྐྱེན་མང་པོ་འབྱུང་བའི་གནས་ཚུལ་གཏན་ནས་བཀག་འགོག་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་འགན་སྲུང་བྱ་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1