ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཧྲང་ཧེ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-07


  སྤྱི་ཟླ་3པའི་ཚེས་4ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཧྲང་ཧེ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཁོང་གིས་གསར་གཏོད་ཀྱི་བློ་སྤོབས་དང་སྔོན་ཐོན་གྱི་ལངས་ཕྱོགས། ཡར་ཐོན་གྱི་འདུ་ཤེས་བཅས་རྒྱུན་འཁྱོངས་བྱ་དགོས་པ་དང་། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་བསྟར་བྱས་ཏེ་ཤུགས་ཆེན་པོས་ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བའི་ཐབས་ཇུས་ཁག་གཅིག་བསྡུ་བྱེད་པར་ཤུགས་སྣོན་དང་ཤུགས་ཆེན་པོས་འཛམ་གླིང་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གསར་གཏོད་ལྟེ་གནས་བསྐྲུན་པའི་གོམ་པ་ཇེ་མགྱོགས་སུ་གཏང་དགོས་པ་དང་། ཤུགས་ཆེན་པོས་མཁོ་འདོན་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏང་སྟེ་རྒྱལ་ཡོངས་བཅོས་སྒྱུར་སྒོ་འབྱེད་ཀྱི་སྔོན་སྐྱོད་པ་དང་གསར་གཏོད་འཕེལ་རྒྱས་ཀྱི་སྣེ་ཁྲིད་པ་བྱ་དགོས་ཞེས་བསྟན།

  ཞི་ཅིན་ཕིང་གིས་འཐུས་མི་དག་གི་གཏམ་བཤད་ལ་ནན་ཏན་སྒོས་ཉན་རྗེས་ཁོང་གིས་ཐོག་མར་སྲིད་གཞུང་ལས་ཀའི་སྙན་ཞུ་ལ་ཡིད་འཐད་ཡོད་པའི་བསམ་ཚུལ་བསྟན་ཞིང་འདས་པའི་ལོ་ངོ་ལྔ་ནི་རང་རྒྱལ་གྱི་འཕེལ་རྒྱས་ལ་མཚོན་ན་ཤིན་ཏུ་སྤྱིར་བཏང་མིན་པའི་ལོ་ངོ་ལྔ་རེད། ཏང་ཡོངས་དང་རྒྱལ་ཁབ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་དམ་ཟབ་དང་གསར་གཏོད་རྒྱ་བསྐྱེད། དཀའ་སྡུག་ལ་མགོ་མི་སྒུར་བ། འབད་པ་ཧུར་ཐག་སྒོས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་འཛུགས་སྐྲུན་དང་ཏང་གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས་བཅས་དང་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད། རང་རྒྱལ་གྱི་རྒྱལ་སྤྱིའི་གོ་གནས་དང་རྒྱལ་སྤྱིའི་ཤན་ཤུགས་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ལ་སླེབས་པ་རེད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1