དཀར་མཛེས་རྫོང་གིས་3.15བདེ་འཇགས་ཁྲིམས་སྐྱོང་སློབ་གསོ་སློབ་གྲྭར་སྐྱོད་པའི་བྱེད་སྒོ་སྤེལ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 03-17


    སྤྱི་ཟླ་3པའི་ཚེས་15ཉིན། དཀར་མཛེས་རྫོང་གིས་འཛད་སྤྱོད་གསར་པ་དང་འབྲེལ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་སློབ་གྲྭར་སྐྱེལ་པའི་བྱེད་སྒོ་སྤེལ། 
    བྱེད་སྒོའི་ཁྲོད། དཀར་མཛེས་རྫོང་བདེ་འཇགས་ལྟ་སྐུལ་ཅུས་དང་། རྫོང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས། རྫོང་ཁྲིམས་འཛིན་ཅུས་སོགས་སྡེ་ཁག་9ཡི་ལས་བྱེད་མི་སྣས་དོན་དངོས་དཔེ་འཇོག་གི་ཐབས་ལམ་བརྒྱུད་དེ། སློབ་གྲྭའི་དགེ་སློབ་རྣམས་ལ་ཕྱོགས་ཡོངས་དང་གསོན་ཉམས་ལྡན་པའི་སྒོས་ཉེན་མེད་ཐོན་སྐྱེད་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་། བདེ་འཇགས་དོགས་ཟོན་གྱི་རིགས་མང་ཤེས་བྱ་ཆུང་ཆུང་འགྲེལ་བཤད་བྱས་ཤིང་། 《ཚེ་སྲོག་གི་གཅེས་སྐྱོང་། བདེ་འཇགས་ཀྱི་འགྲོ་འོང་།》དང་《དགེ་སློབ་ཀྱི་གནོད་འཚེ་སྔོན་འགོག་དང་ཉེན་གཡོག་གྱི་འཕྲལ་སྡོམ་རང་སྐྱོབ་མན་ངག》སོགས་མྱུར་སྐྱོབ་ལག་དེབ་དང་དྲིལ་སྒྲོག་དཔྱད་གཞི་འགྲེམ་སྤེལ་བྱས། 
    རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱེད་སྒོའི་ཁྲོད། སྒྲོག་འགྲེལ་མི་སྣ་མི་ཐེངས་17དང་། དྲིལ་སྒྲོག་རླངས་འཁོར་4བཀོད་སྒྲིག་བྱས་ཤིང་རིགས་མི་འདྲ་བའི་དྲིལ་སྒྲོག་དཔྱད་ཡིག་དང་དངོས་རྫས་3000ལྷག་འགྲེམ་སྤེལ་བྱས་པ་དང་བཅའ་ཁྲིམས་སློབ་གསོ་ཐོབ་པའི་དགེ་སློབ་མི་གྲངས་2100ལྷག་ཟིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1