གསར་ལམ་ཁག་ལས་བསྒྲགས་པའི་གནས་ཚུལ་ལྟར་ན། སྤྱི་ལོ་2016ལོར་སུའོ་ཉི་འཛམ་གླིང་པར་ལེན་འགྲན་བསྡུར་ཆེན་མོར་འཛམ་གླིང་ཡོངས་ཀྱི་ས་གནས་སོ་སོ་ནས་རི་མོའི་བརྩམས་ཆོས་ཁྲི་23ལྷག་ལག་འབྱོར་ཞིང་། རིམ་པ་བཞིན་གཟབ་ནན་སྒོ་ནས་ལེགས་འདེམས་བྱས་མཐར་ཕུལ་བྱུང་བརྩམས་ཆོས་60བདམས་ཐོན་བྱུང་།
རྒྱུས་ལོན་བྱུང་བ་ལྟར་ན། ཕུལ་དུ་བྱུང་བའི་རི་མོའི་བརྩམས་ཆོས་དེ་དག་སྤྱི་ཟླ་4པའི་ཚེས་24ཉིན་ནས་སྤྱི་ཟླ་5པའི་ཚེས་10ཉིན་བར་དབྱིན་ཇིའི་ལོན་ཏོན་ས་མོ་སའེ་ཐེ་ཕོ་བྲང་དུ་བཤམ་སྟོན་བྱ་རྒྱུ་རེད། །