འབའ་ཐང་རྫོང་གིས་གྲོང་སྡེའི་བཅའ་སྡོད་ཧྲུའུ་ཅི་དང་པོའི་ཆེད་དོན་ཟབ་སྦྱོང་སྤེལ།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 03-23
ཡིག་ཚགས་བཟོས་པའི་གྲོང་སྡེའི་དབུལ་པོའི་བཅའ་སྡོད་ཧྲུའུ་ཅི་དང་པོའི་ཕྱོགས་བསྡུས་བྱང་ཚད་དང་ལས་གནས་བསྒྲུབ་པའི་ནུས་པ་མཐོར་འདེགས་གཏང་བ་དང་གཞི་རིམ་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ། སྟོབས་ཤུགས་གཅིག་བསྡུས་ཀྱིས་དབུལ་སྐྱོར་གསར་སྤེལ་གྱི་འགག་སྒྲོལ་ལས་ཀར་རྒྱལ་ཁ་ཐོབ་ཆེད། འབའ་ཐང་རྫོང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས། རྫོང་ཨུའི་རྩ་འཛུགས་པུའུ་དང་རྫོང་ཨུའི་ཏང་གི་སློབ་གྲྭ་བཅས་ཀྱིས་མཉམ་འབྲེལ་སྒོས་གཉེར་བའི་གྲོང་སྡེའི་བཅའ་སྡོད་ཧྲུའུ་ཅི་དང་པོའི་བརྗོད་དོན་ཡིན་པའི་གཟབ་སྦྱོང་འཛིན་གྲྭ་རྫོང་ཨུའི་ཏང་གི་སློབ་གྲྭ་ནས་སློབ་འགོ་ཚུགས་ཤིང་། རྫོང་ཡོངས་ཀྱི་ཡིག་ཚགས་བཟོས་པའི་གྲོང་སྡེ་དབུལ་པོའི་བཅའ་སྡོད་ཧྲུའུ་ཅི་དང་པོ་61ཟབ་སྦྱོང་བྱེད་སྒོར་ཞུགས།
ཐེངས་འདིའི་ཟབ་སྦྱོང་གི་བསླབ་ཚན་གྱི་ནང་དོན་གཙོ་བོ་ནི་ཞིང་ལས་དང་འབྲེལ་བའི་སྡེ་ཁག་གི་ལས་སྒོ་ལ་བྱང་ཆུབ་པའི་འགོ་ཁྲིད་དང་རྐང་འཛིན་པ། ཏང་གི་སློབ་གྲྭའི་མཐོ་རིམ་འཆད་ཁྲིད་དགེ་རྒན། རྩ་འཛུགས་པུའུ་ཡི་ལས་སྒོའི་རྐང་འཛིན་པ་བཅས་ཀྱིས་ཧྲུའུ་ཅི་དང་པོའི་འགན་འཁྲི་དང་ལས་འགན། གྲོང་སྡའི་རིམ་པའི་རྩ་འཛུགས་ལས་ཀའི་འཁོར་སྐྱོད་སྒྲིག་ལུགས། གནད་སྨིན་དབུལ་སྐྱོར་གྱི་ལས་ཀ ཞིང་ལས་ཐོན་ལས་ཀྱི་འཕེལ་རྒྱས། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་དང་དོ་དམ་འཆར་འགོད་སོགས་ཀྱི་ཐད་ནས་ཞིབ་བརྗོད་གནང་།