༄༅།། གཉིས་སློབ་གཅིག་བྱེད་དགོངས་དོན་གྱི་འགྲེལ་བཤད།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-12
ཅི་ཞིག་ལ་གཉིས་སློབ་གཅིག་བྱེད་ཟེར།
གཉིས་སློབ་གཅིག་བྱེད་ནི་ཏང་གི་སྒྲིག་སྲོལ་དང་གསུང་བཤད་རབ་དང་རིམ་པར་སློབ་སྦྱོང་བྱེད་པ། ཚད་ལྡན་གྱི་ཏང་ཡོན་ཞིག་བྱེད་པ་བཅས་ལ་ཟེར།
སུ་ལ་ཁ་གཏད་ནས་སྤེལ་དགོས།
ཏང་ཡོན་ཡོངས་ལ་ཁ་གཏད་དགོས།
སློབ་སྦྱོང་གི་དམིགས་ཡུལ།
1.སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་གཞི་རིམ་དུ་སྤེལ་བ་སྐུལ་འདེད་བྱ་ཆེད་ཡིན།
2.ཏང་གིས་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་དང་དྲང་གསུམ་ནན་གསུམ་གྱི་ཆེད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏང་ཆེད་ཡིན།
3.ཏང་ཡོན་རུ་ཁག་གི་བསམ་བློ་དང་རྩ་འཛུགས། སྤྱོད་ལམ། སྒྲིག་ཁྲིམས་སོགས་ཀྱི་ཐད་ལ་གནས་པའི་གནད་དོན་གོམ་གང་མདུན་སྤོས་ཀྱིས་ཐག་གཅོད་བྱ་ཆེད་ཡིན།
4.ཏང་གི་སྔོན་ཐོན་རང་བཞིན་དང་དག་གཙང་རང་བཞིན་འཕེལ་རྒྱས་སུ་གཏང་བར་རྒྱུན་འཁྱོངས་བྱ་ཆེད་ཡིན།
ཇི་ལྟར་སྤེལ་བ་དང་ཐབས་ལམ་གང་དག་སྤྱད་དགོས།
1.ཆེད་དོན་ལ་དམིགས་ཏེ་སློབ་སྦྱོང་དང་གྲོས་བསྡུར་བྱ་དགོས།
མི་སྒེར་གྱི་རང་སྦྱོང་དང་གཅིག་བསྡུས་ཀྱི་སློབ་སྦྱོང་ཟུང་འབྲེལ་བྱ་དགོས།
2.གསར་གཏོད་ཀྱི་རྣམ་པས་ཏང་གི་སློབ་ཁྲིད་བྱ་དགོས།
བདུན་གཅིག་གིས་སྔ་རྗེས་སུ་ཏང་ཀྲི་པུའུ་ཡིས་ཏང་དབུ་བརྙེས་ནས་ལོ་འཁོར་95ལོན་པའི་དྲན་རྟེན་བྱེད་སྒོ་སྤེལ་ཏེ། གཅིག་བསྡུས་སྒོས་ཏང་གི་སློབ་ཁྲིད་གཅིག་བཀོད་སྒྲིག་བྱས་ཏེ་ཏང་གི་སློབ་ཁྲིད་གྱི་འགུག་ཤུགས་དང་ཤེན་ཤུགས་གོང་འཕེལ་དུ་གཏང་དགོས།
3.ཏང་ཀྲི་པུའུ་ཡི་ཆེད་དོན་རྩ་འཛིགས་འཚོ་བའི་ཚོགས་འདུ་འཚོགས་དགོས།
ལོ་མཇུག་གི་སྔོན་དུ། གནད་དོན་གཙང་བཤེར། བསམ་འཆར་བསྡུ་ལེན། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད། དག་བཤེར་ཐབས་ལམ། རྩ་འཛུགས་དཔྱད་བརྗོད་བཅས་བྱ་དགོས།
4.ཏང་ཡོན་ལ་དམངས་གཙོའི་དཔྱད་བརྗོད་སྤེལ་དགོས།
རང་གིས་རང་ལ་དཔྱད་བརྗོད་དང་ཏང་ཡོན་བར་དཔྱད་བརྗོད། དམངས་གཙོའི་དཔྱད་ཞིབ། རྩ་འཛུགས་ཀྱི་དཔྱད་ཞིབ་དག་ཐེར་བཅས་བརྒྱུད་དགོས།
5.ལས་གནས་ལ་གཞི་ཚུགས་ནས་མཛད་རྗེས་འཇོག་དགོས།
ཏང་བཙུགས་ནས་ལོ་95འཁོར་བའི་དྲན་གསོའི་བྱེད་སྒོ་ཁྲོད་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་དོན་ལས་བྱེད་པ། གཞི་རིམ་གྱི་སྔོན་ཐོན་ཏང་རྩ་འཛུགས་བཅས་དཔྱད་འདེམས་བྱས་ཏེ་གཟེངས་བསྟོད་བྱ་དགོས།
6.འགོ་ཁྲིད་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པས་དཔེ་སྟོན་གྱི་ནུས་པ་འདོན་དགོས།
སྔོན་དུ་བསྐྱོད་དེ་གཏིང་ཟབ་པའི་སྒོ་ནས་སློབ་སྦྱོང་བྱེད་པ་དང་། ལོ་འཁོར་གཅིག་གི་དམངས་གཙོའི་འཚོ་བའི་ཚོགས་འདུས་གཉིས་སློབ་གཅིག་བྱེད་བརྗོད་སྙིང་དུ་བཟུང་ནས། གཙོ་བོར་བྱེད་པ་དང་། འགོ་ཁྲིད་ཚན་ཆུང་དང་འགོ་ཁྲིད་ལས་བྱེད་པ་ཚོགས་འདུར་ཟབ་ཞུགས་བྱས་ཏེ་གནད་དོན་འཚོལ་ཞིབ་བྱ་དགོས།
ཏང་གི་སྒྲིག་ཡིག་དང་ཏང་སྲོལ་ལ་ཅི་ལྟར་སློབ་སྦྱོང་བྱ་དགོས།
1. ཚིག་རྐང་རེ་རེ་བཞིན་ཏང་གི་སྒྲིག་ཡིག་ཀློག་པ་དང་། ཕྱོགས་ཡོངས་ནས་ཏང་གི་རྩ་འཛིན་ལ་གོ་བ་ལེན་པ། ཏང་ལ་ཞུགས་པའི་དམ་ཚིག་དང་ཏང་གི་ལངས་ཕྱོགས། ཏང་ཡོན་གྱི་འོས་འགན་དང་ཁེ་དབང་བཅས་བློར་འཛིན་དགོས།
2.《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་གཅུན་གྱི་ཚད་གཞི།》དང་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ལམ་ཆད་པའི་སྲོལ་ཡིག》སོགས་ཏང་ནང་གི་ཁྲིམས་སྲོལ་ལ་སློབ་སྦྱོང་བྱ་དགོས།
3.ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱ་དགོས་པར་མ་ཟད། གསར་བརྗེའི་སྔོན་རབས་པ་དང་སྔོན་ཐོན་དཔེ་མཚོན་མི་སྣར་སློབ་སྦྱོང་བྱ་དགོས།
4.ཀྲུའུ་ཡོན་ཁང་དང་པོ་ཤིས་ལེ། ཞུས་ཚའེ་ཧའོ། ཀུའོ་པའོ་ཞུང་། ལིན་ཅི་ཧྭ་སོགས་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞིའི་ཁྲོད་བསླབ་བྱ་བསྡུ་ལེན་བྱ་དགོས།
གསུང་བཤད་རབ་དང་རིམ་པར་ཅི་ལྟར་སློབ་སྦྱོང་བྱ་དགོས།
1.སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་དང་ནང་སྲིད། ཕྱི་འབྲེལ། རྒྱལ་སྲུང་། ཏང་སྐྱོང་དང་རྒྱལ་སྐྱོང་། དམག་སྐྱོང་སྐོར་གྱི་བསམ་བློ་གལ་ཆེན་ལ་ནན་ཏན་སྒོས་སློབ་སྦྱོང་བྱ་དགོས།
2.ནན་ཏན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་སྐྱོང་གི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ་འཐབ་ཇུས་གསར་པར་སློབ་སྦྱོང་བྱ་དགོས།
3.གཏིང་ཟབ་པའི་སྒོ་ནས་དེ་དང་འབྲེལ་བའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་ཚུལ། བྱ་ཐབས་ལ་གོ་བ་ལེན་དགོས།
4.གཏིང་ཟབ་པའི་སྒོ་ནས་ཏང་གི་ཚན་རིག་གི་རིག་པའི་གཞུང་ལུགས་རྒྱུན་འཛིན་དང་དུས་བསྟུན་མདུན་སྐྱོད་ཀྱང་ཡིན་པའི་ནང་གནས་ཀྱི་འབྲེལ་བར་གོ་བ་ལེན་དགོས།
5.སྤྱིར་བཏང་ཏང་ཡོན་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་དབྱེ་བ་འབྱེད་དེ་སློབ་སྦྱོང་གི་གཙོ་གནད་གཏན་འཁེལ་བྱ་དགོས།
ཚད་ལྡན་གྱི་ཏང་ཡོན་ཞིག་བྱེད་པ།
1.ཚད་གཞི། བཞི་བཤད་བཞི་ཡོད།
ཆབ་སྲིད་བཤད་པ་དང་། ཡིད་ཆེས་ཡོད་པ།
ལུགས་སྲོལ་བཤད་པ་དང་། སྒྲིག་ཁྲིམས་ཡོད་པ།
ཀུན་སྤྱོད་བཤད་པ་དང་། སྤྱོད་ལམ་ཡོད་པ།
བློས་གཏོང་བཤད་པ་དང་། བྱས་རྗེས་ཡོད་པ།
2.ཕྱོགས་ལྔའི་བསྒྲུབ་ཐུབ་པ།
ཆབ་སྲིད་ཀྱི་འདུ་ཤེས་ཆེ་རུ་བཏང་ནས་ཆབ་སྲིད་ཀྱི་ངོ་བོ་རྒྱུན་འཁྱོངས་བྱེད་པ།
རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པ།
ཏང་གི་དམིགས་ཡུལ་ལག་བསྟར་བྱེད་པ་དང་སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབ་པའི་བརྩེ་སེམས་རྒྱུན་འཁྱོངས་བྱེད་པ།
ཏང་གཤིས་ཀྱི་སྦྱོང་བརྡར་དང་ཀུན་སྤྱོད་ཀྱི་བློ་སྦྱོང་ལ་ཤུགས་སྣོན་བྱེད་པ།
ཐོག་མཐའ་བར་གསུམ་དུ་ལས་སྒྲུབ་ལས་གཏོད་དང་གསར་འབྱེད་ཡར་བརྩོན་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1