ལིའུ་གོ་ཀྲུང་གིས་རྔ་བ་ཁུལ་དུ་རྟོག་ཞིབ་གནང་བར་མ་ཟད་ལི་རྫོང་གི་དབུལ་བྲལ་འགག་སྒྲོལ་གྱི་ལས་ཀར་ལྟ་སྐུལ་མཛུབ་ཁྲིད་གནང་།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 05-12
ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་མངགས་བཅོལ་ལྟར། སྤྱི་ཟླ་5པའི་ཚེས་6ཉིན་ནས་ཚེས་9ཉིན་གྱི་བར་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་གོ་ཀྲུང་རྔ་བ་ཁུལ་དུ་ཕྱིན་ཏེ་རྟོག་ཞིབ་གནང་བར་མ་ཟད་དབུལ་བྲལ་འགག་སྒྲོལ་གྱི་ལས་ཀ་ཁག་སྒྲུབ་པར་ལྟ་སྐུལ་མཛུབ་ཁྲིད་གནང་སྟེ།ནན་ཏན་གྱིས་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལག་བསྟར་དོན་འཁྱོལ་ཡོང་བ་བྱ་དགོས་པའི་ནན་གསུངས་གནང་བ་དང་། གནད་དོན་ལ་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས། འགན་འཁྲི་དོན་འཁྱོལ་ཡོང་བར་ཤུགས་སྣོན་བྱས་ཏེ། དམངས་འཚོ་བརྟན་ལྷིང་གི་དོན་ཆེན་གསུམ་འཕེལ་རྒྱས་གཏང་བར་གཅིག་གྱུར་དམ་འཛིན་བྱས་ནས། ཧུར་ཐག་གིས་དབུལ་བྲལ་འགག་སྒྲོལ་མངོན་གྱུར་བྱེད་པར་འབད་བརྩོན་བྱ་དགོས་ཞེས་ནན་གྱིས་བསྟན།
ལིའུ་གོ་ཀྲུང་རྔ་བ་རྫོང་དང་ཁྱུང་མཆུ་རྫོང་གི་དགོན་པ་དང་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་དུ་ཕྱིན་ནས། དགོན་པའི་དོ་དམ་དང་དམངས་འཚོ་ལེགས་བཅོས་སོགས་ཀྱིས་གནས་ཚུལ་སྐོར་ལ་རྒྱུས་ལོན་ཞིབ་འཕྲ་གནང་། དེ་མིན་བཀྲ་ཤིས་གླིང་དུ་ལིའུ་གོ་ཀྲུང་གིས་ཞིང་ཆེན་ལྟ་སྐུལ་མཛུབ་སྟོན་ཚོ་ཆུང་གི་སྣེ་ཁྲིད་ནས་དབུལ་བྲལ་འགག་སྒྲོལ་གྱི་ལས་ཀ་བསྒྲུབ་པར་ཆེད་དོན་ལྟ་སྐུལ་མཛུབ་སྟོན་གནང་སྟེ། བོད་རིགས་དང་ཆའང་རིགས་སྡེ་བ་རུ་ཟབ་འཇུག་བྱས་ཏེ། དབུལ་ཕོངས་དུད་ཚང་རེ་རེ་བཞིན་དུ་འཚམས་འདྲི་གནང་ནས། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གནས་ཚུལ་དང་དབུལ་སྒྲོལ་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་གྱིས་མཉམ་དུ་བཞུགས་མོལ་ཚོགས་འདུ་འཚོགས་ནས་མཉམ་མྱོང་བརྗེ་རེས་གནང་ཡོད།
ལིའུ་གོ་ཀྲུང་གིས་དབུལ་ཕོངས་མང་ཚོགས་གྱིས་དབུལ་བྲལ་ཕྱུགས་འགྱུར་ཡོང་བའི་ཡིད་ཆེས་བརྟན་པོ་བཅངས་ནས། ཏང་དང་སྲིད་གཞུང་གིས་རོགས་སྐྱོར་འོག་དཀའ་སྤྱད་འབད་བརྩོན་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་སྐུལ་འདེད་བཏང་ཡོད། ཁོང་གིས་ཡུལ་དེའི་ལས་བྱེད་པ་དང་དབུལ་སྐྱོར་སྡེ་ཁག་གིས་ཁ་གཏད་རང་བཞིན་གྱིས་བྱེད་ཐབས་སྤྱད་དེ་དོན་དངོས་ཐོག་དཀའ་ཁག་ཡོད་པའི་མང་ཚོགས་རྩ་བའི་ཐོག་ནས་རོགས་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན།།