དབྱིན་ལི་ཡིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་གཞུང་གིས་སྲིད་དོན་སིའི་འགན་འཛིན་པ་ལིན་ཀྲིན་ཡུའེ་ཨེ་དང་མཇལ་འཕྲད་གནང་།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 05-12
སྤྱི་ཟླ་5པའི་ཚེས་10ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་དབྱིན་ལི་ཡིས་འཁྲི་ཏུའུ་རུ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་གཞུང་གིས་སྲིད་དོན་སིའི་འགན་འཛིན་པ་ལིན་ཀྲེན་ཡུའེ་ཨེ་དང་ཁོང་གི་ཕེབས་རོགས་རྣམས་ལ་མཇལ་འཕྲད་གནང་།
དབྱིན་ལི་ཡིས་ལིན་ཀྲེན་ཡུའེ་ཨེ་དང་ཁོང་གི་ཕེབས་རོགས་རྣམས་ལ་དགའ་བསུ་གནང་བ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་གཞུང་དང་ཞང་ཀང་སྤུན་ཟླའི་ལོ་མང་པོའི་རིང་ལ་སི་ཁྲོན་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་དང་།ལྷག་པར་དུ་ཝུན་ཁྲོན་ས་འགུལ་ཆེན་པོ་དང་ལུའུ་ཧྲན་ས་འགུལ་ཆེན་མོའི་འགུལ་འགོག་གནོད་སེལ་དང་གནོད་རྗེས་བསྐྱར་འཛུགས་བྱེད་པར་སྒེར་སེམས་མེད་པའི་སྒོ་ནས་རོགས་སྐྱོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཞུས།
མཇལ་འཛོམས་མཇུག་སྒྲིལ་རྗེས། ཞིང་ཆེན་སྲིད་གཞུང་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་བར་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སི་ཁྲོན་གྱིས་ས་འགུལ་བྱུང་རྗེས་ཀྱི་གནོད་རྗེས་བསྐྱར་སྐྲུན་གྱི་མ་དངུལ་ལྷག་མར་བདག་བཀོད་བྱས་ཆོག་པའི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད།།