མཛོད་དགེ་རྫོང་གི་སློབ་གྲྭ་འབྲིང་ཆུང་ཁག་གིས་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་ལས་ཀ་ཁྱབ་སྤེལ་བྱས།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 05-12
ཉེ་ཆར། མཛོད་དགེ་རྫོང་གི་སློབ་གྲྭ་འབྲིང་ཆུང་ཁག་གིས་རྒྱུན་མཐུད་ངང་ཁྲིམས་སྐྱོང་དྲིལ་བསྒྲགས་ལས་ཀ་སྤེལ།
ཐེངས་འདིའི་དྲིལ་བསྒྲགས་ནི་《ནར་མ་སོན་པའི་མིར་སྲུང་སྐྱོང་བྱེད་ཐབས། 》དང་《ནར་མ་སོན་པའི་མིའི་ཁྲིམས་འགལ་ནག་ཉེས་བཟོ་བར་སྔོན་འགོག》སློབ་སྦྱོང་བྱེད་རྒྱུ་གཙོ་གནད་དུ་བཟུང་ནས། ནན་ཏན་གྱིས་ཁྲིམས་སྐྱོང་བརྗོད་བྱ་བྱས་པའི་འཛིན་གྲྭའི་ཚོགས་འདུ་བསྡུས། དེ་མིན་སློབ་གྲྭ་ཁག་གི་ཁྲིམས་ལུགས་ཀྱི་སློབ་གཙོ་གཞོན་པས་འགྲིམ་འགྲུལ་སྐོར་གྱི་ཁྲིམས་སྲོལ་དང་དུག་རྫས་སྔོན་འགོག་སོགས་ཀྱི་ནང་དོན་དང་ཟུང་འབྲེལ་བྱས་ནས། དོན་དངོས་ཀྱི་དཔེ་གཞི་དང་སྦྱར་ཏེ་ན་གཞོན་རྣམས་ཀྱིས་ཁྲིམས་འགལ་ཉེས་བསོག་གི་རྩ་བའི་ཁྱད་ཆོས་ཐད་ནས་ཞིབ་འཕྲ་སྒོས་གསལ་བཤད་གནང་ཡོད།།