ཧྲུའུ་ཅི་དང་པོས་གྲོང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཡོང་བར་ནུས་ཤུགས་བསྣན།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 05-12


   ཉེ་ཆར།  ལི་ཐང་རྫོང་ཐི་ར་གསར་པའི་ཡུལ་ཚོ་གཉིས་པའི་བྱེད་སྒོ་ལྟེ་གནས་སུ་ཡུལ་མི་ཚོས་ལག་ཏུ་ཤོག་སྒོར་བརྒྱ་ཅན་མང་པོ་ཁྱེར་ནས་ང་ཚོའི་ཡུལ་ཚོས་ཐེངས་དང་པོར་ཐུན་མོང་དཔལ་འབྱོར་གྱི་ཐོབ་དངུལ་སྤྱད་ནས་ང་ཚོར་མ་དངུལ་གཏོང་སྤྲོད་བྱས་པས་ཧྲུའུ་ཅི་དང་པོར་ཧ་ཅང་བཀའ་དྲིན་ཆེ་ཞེས་ཟེར།2015ལོའི་ཟླ་བ9པར་དབུལ་སྐྱོར་གནད་སྨིན་གྱི་ལས་ཀའི་བཀོད་སྒྲིག་ལྟར། དཀར་མཛེས་ཁུལ་བཟོ་ཚོང་ཅུས་ཀྱིས་ལས་བཟོ་ཡོན་ལིའང་འཐེན་གཏོང་བྱས་ཏེ་ལི་ཐང་རྫོང་ཐི་ར་གསར་པའི་ཡུལ་ཚོ་གཉིས་པར་མངགས་ནས་ཧྲུའུ་ཅི་དང་པོའི་འགན་ཁུར་དུ་བཅུག ཡུལ་ཚོ་དང་དུད་ཚང་དུ་ཕྱིན་པར་བརྒྱུད། ཡོན་ལིའང་གིས་ཡུལ་ཚོ་དེ་མཐོ་གྲོང་གྲོང་རྡལ་གྱི་ཤར་བྱང་ཕྱོགས་དང་གྲོང་ཁྱེར་ཉེ་འཁོར་སུ་ཆགས་ཡོད་ཅིང་། གྲོང་མི་ཕལ་ཆེར་ལ་རྨོ་ཞིང་དང་འབྲོག་ར། ཐོན་སྐྱེད་རྒྱུ་ཆས་སོགས་མེད་པས། དཔེར་འོས་ཞིང་འབྲོག་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་གྲོང་རྡལ་གྱི་ཡུལ་མིར་བརྒལ་བའི་གསུམ་མེད་ཞིང་འབྲོག་མི་དམངས་ཡིན་པ་དང་། ཡུལ་མི་ཚོས་ལོ་རེ་བཞིན་དབྱར་རྩྭ་དགུན་འབུ་བརྐོས་པ་ཁོ་ནར་བརྟེན་ནས་འཚོ་བ་རོལ་དགོས་པའི་གནས་ཚུལ་རྒྱུས་ལོན་བྱས་པ་རེད།
   མི་སེར་ཚོས་གང་ལྟར་བྱས་ནས་དབུལ་ཕོངས་ལས་བྲལ་ཐུབ་པ་དང་ཡོང་འཕར་ཕྱུག་འགྱུར་ཡོང་ཐབས་བྱ་རྒྱུ་ནི་ཡོན་ལིའང་གིས་ཆེས་སེམས་ཁྲལ་བྱེད་པའི་གནད་དོན་རེད།ཡུལ་ཚོའི་བྱེད་སྒོ་ལྟེ་གནས་དེ་རྒྱལ་སྲུང་གཞུང་ལམ318པའི་ལམ་འགྲམ་དུ་གནས་ཀྱང་ཡུན་རིང་དུ་ནུས་པ་ཆེན་པོ་ཐོན་མེད་པར་ཤེས་རྗེས། ཁོས་སྲིད་ཇུས་ཀྱི་ཆོག་འཐུས་རང་བཞིན་གྱི་སྔོན་འགྲོའི་ཆ་རྐྱེན་འོག བོགས་གླ་གཏོང་བའམ་ཡང་ན་ཡུལ་སྐོར་ཞབས་ཞུ་འཕེལ་རྒྱས་བཏང་ནས་ཡུལ་ཚོའི་ཐུན་མོང་དཔལ་འབྱོར་འཕར་ཐབས་བྱས་ན་འགྲིག་རྒྱུ་རེད་བསམས་ཏེ་ཐོག་མར་གྲོང་སྡེའི་ཨུ་ལྷན་གཉིས་ལ་གཞུང་དོན་སྒྲུབ་ས་དང་གྲོས་ཚོགས་འཚོགས་ས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གྲོང་སྡེ་དེའི་བྱེད་སྒོ་ལྟེ་གནས་བེད་སྤྱོད་བཏང་ནས་གྲོང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བསམ་ཚུལ་བཏོན་ཏེ། རྒྱལ་ཁབ་ཀྱི་དབུལ་སྐྱོར་གནད་སྨིན་སྲིད་ཇུས་སོགས་ཀྱི་ཐད་ནས་འགོ་བཙུགས་ཏེ་དུད་ཚང་རེ་རེའི་བསམ་འཆར་བསྡུ་ལེན་བྱས་པ་དང་ཆབས་ཅིག ཁོས་གྲོང་སྡེའི་ཨུ་ལྷན་གཉིས་ཀྱི་འགན་ཁུར་མི་སྣ་སྣེ་ཁྲིད་ནས་མཐོ་གྲོང་གྲོང་སྡེའི་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོར་ཡུལ་ཚོ་དེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བསམ་ཚུལ་སྙན་སེང་ཞུས་པ་རེད།ད་ལོའི་ཟླ་བ3པའི་ཚེས22ཉིན་ཧྲུའུ་ཅི་དང་པོ་ཡོན་ལིའང་དང་གྲོང་རྡལ་འགོ་འཛིན་གྱིས་ཐུན་མོང་ངང་གཙོ་འགན་འཁུར་འོག གྲོང་སྡེའི་བྱེད་སྒོ་ལྟེ་གནས་ལ་ལོ་རེར་སྒོར་ཁྲི15.5བྱས་ནས་བོགས་གླ་བཏང་།
   སྤྱི་ཟླ་4པའི་ཟླ་དཀྱིལ་དུ་ཡོན་ལིའང་གིས་ཡུལ་ཚོའི་ཨུ་ལྷན་གཉིས་ཀྱི་གྲུབ་མི་དང་གྲོས་མོལ་བྱས་རྗེས།2016ལོའི་ཡུལ་ཚོའི་བྱེད་སྒོ་ལྟེ་གནས་ཀྱི་བོགས་གླ་གཏོང་དངུལ་དེ་དུད་ཚང་དང་མི་འབོར་ལྟར་བགོ་བཤའ་བརྒྱབ་ནས་དུད་ཚང་སོ་སོར་སྤྲད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1