བོད་ཁུལ་དམངས་ཁྲོད་ཀྱི་རྩ་ཆེན་དཔེ་རྙིང་ཕྱོགས་བསྒྲིགས་དེབ​་གསར་འགྲེམ་སྤེལ་ཚོགས་འདུ་དང་དཔེ་ཆེ་འབུལ་བའི་མཛད་སྒོ་དར་མདོ་ནས་སྤེལ།

ཨོ་རྒྱན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-12



        སྤྱི་ཟླ་7པའི་ཚེས་11ཉིན་གྱི་ཕྱི་དྲོར།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་འོད་གསལ་ཉིན་རེའི་ཚགས་པར་ཁང་གཉིས་ཀྱིས་མཉམ་འབྲེལ་གྱིས་པར་དུ་བསྐྲུན་པའི《བོད་ཁུལ་དམངས་ཁྲོད་ཀྱི་རྩ་ཆེན་དཔེ་རྙིང་ཕྱོགས་བསྒྲིགས》(དེབ་སྤུས་ལེགས)དེབ་གསར་འགྲེམ་སྤེལ་ཚོགས་འདུ་དང་དཔེ་ཆ་འབུལ་བའི་མཛད་སྒོ་དེ་དར་རྩེ་མདོའི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་ཟབ་རྒྱས་ངང་སྤེལ།

        ཀྲུང་གོའི་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་གྲངས་ཉུང་མི་རིགས་རྩོམ་རིག་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་བསྟན་འཛིན་མཆོག་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚེ་རིང་བཀྲ་ཤིས། འོད་གསལ་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ལིའུ་ཝེ། སི་ཁྲོན་ཞིང་ཆེན་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཧྥུང་། དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ་ཁུལ་དྲིལ་བསྒྲགས་པུའུ་ཀྲང་བྱང་ལོ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་གཙོ་ལའོ་ཅཱང་ལུང་སོགས་འབྲེལ་ཡོད་འགོ་ཁྲིད་དང་། ཁམས་པའི་བརྙན་འཕྲིན་ཁང་དང་དཀར་མཛེས་བརྙན་འཕྲིན་ཁང་། དར་མདོ་ས་ཁུལ་གྱི་བོད་ཡིག་འཕྲིན་སྦྱོར་སྡེ་ཁག འབྲེལ་ཡོད་ཆེད་མཁས་སུམ་ཅུ་ལྷག་ཐེངས་འདིའི་མཛད་སྒོའི་ཚོགས་འདུར་ཞུགས་པ་རེད།

        ཚོགས་ཐོག་ཏུ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཀྲ་ཤིས་ཚེ་རིང་མཆོག་གིས་དཔེ་སྐྲུན་ཁང་གཉིས་ཀྱིས་པར་དུ་བསྐྲུན་པའི་བོད་ཀྱི《བོད་ཁུལ་དམངས་ཁྲོད་ཀྱི་རྩ་ཆེན་དཔེ་རྙིང་ཕྱོགས་བསྒྲིགས་དེབ་གསར》གྱི་གནས་ཚུལ་དང་ཁྱད་ཆོས། མ་འོངས་པར་བོད་ཀྱི་དཔེ་རྙིང་ཕྱོགས་བསྒྲིགས་དང་འཚོལ་བསྡུ་སོགས་ཀྱི་ལས་ཀ་སོགས་ངོ་སྤྲོད་གནང་བ་དང་། ཀྲུང་གོའི་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་བསྟན་འཛིན་མཆོག་དང་འོད་གསལ་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ལིའུ་ཝེ་རྣམ་གཉིས་ཀྱིས་ཐེངས་འདིའི(དེབ་སྤུས་ལེགས)པར་བསྐྲུན་འགྲེམ་སྤེལ་ལ་རྟེན་འབྲེལ་ཞུས་པས་མ་ཚད། དཔེ་རྙིང་འདི་དག་གིས་བོད་ཀྱི་རིག་གནས་བརྒྱུད་འཛིན་གྱི་རིན་ཐང་ཐད་ལ་བླ་ན་མེད་པའི་བྱས་རྗེས་བཞག་འདུག་ཅེས་གདེང་འཇོག་ཚད་མཐོན་པོ་གནང་བ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1