སློབ་མ་རྣམས་ཀྱིས་སྐད་བརྡ་མི་འཕྲོད་བའི་གནད་དོན་ཐག་གཅོད་ཐབས་སྐོར་དཔྱད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


   སློབ་མ་རྣམས་ཀྱིས་སྦྱངས་ཟིན་བའི་རྨང་གཞིའི་ཤེས་བྱ་རྣམས་གོ་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པའི་ཆེད་དུ།  སློབ་མ་རྣམས་ཀྱིས་རྒྱ་སྐད་བཤད་མི་ཤེས་བའི་གནས་དོན་དེ་ངེས་པར་དུ་ཐག་གཅོད་དགོས།
   དར་མདོ་རྫོང་འགག་པ་ཤང་སློབ་ཆུང་གི་ནང་དུ་སློབ་མ་མང་ཤོས་ནི་ཞིང་འབྲོག་ཁུལ་ནས་ཡོང་བའི་བྱིས་པ་ཡིན་ལ། ཆུང་དུས་ནས་རྒྱ་སྐད་སྤུ་ཙམ་ཡང་མི་ཤེས་པའི་ཁོར་ཡུག་ནང་ནས་འཚར་ལོངས་བྱུང་བ་ཡིན་པས།དགེ་རྒན་གྱིས་སློབ་གསོ་སློབ་ཁྲིད་བྱེད་པའི་གོ་རིམ་ཁྲོད་ནས་ཇི་ལྟར་སློབ་མ་རྣམས་ཀྱིས་རྒྱ་སྐད་མི་ཤེས་པའི་གནད་དོན་ཐག་གགཅོད་པའི་ཐབས་ལམ་ཡང་དག་ཅིག་འཚོལ་རྒྱུ་ནི་ཧ་ཅང་གལ་ཆེའོ། དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས། གཤམ་གྱི་ཐབས་ལམ་དེས་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་དུས་མཉམ་དུ། སློབ་མ་རྣམས་ཀྱིས་རྒྱ་སྐད་སྐད་བརྡ་མི་འཕྲོད་པའི་གནད་དོན་ཡང་ཐག་གཅོད་ཐུབ་བསམ། 
དང་པོ།   སློབ་ཚན་གྱི་ནང་དོན་གསལ་ལ་དོན་སྙིང་འབུར་དུ་ཐོན་པ།
1. དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་གོ་རིམ་ཁྲོད་དུ། སློབ་མ་རྣམས་ཀྱིས་རྒྱ་སྐད་འཆད་རྒྱུ་དང་རྒྱ་ཡིག་རྩོམ་འབྲི་ཐད་ཀྱི་སྦྱོང་བརྡར་གཙོ་བོར་འཛིན་པ། དཔེར་ན། ལོ་རིམ་དང་པོའི་སློབ་མ་རྣམས་ལ་སློབ་ཁྲིད་བྱ་དུས། རྒྱ་ཡིག་སློབ་དེབ་ནང་གི་དཔེ་མཚོན་རི་མོའི་ནང་དོན་དེ་གསོན་ཉམས་ལྡན་ཞིང་སྟབས་བདེ་བའི་སྒོ་ནས་སློབ་མ་རྣམས་ལ་རྒྱ་སྐད་ཀྱི་སློབ་གསོ་བྱས་པ་མ་ཟད་། ད་དུང་སློབ་མ་རྣམས་ཕན་ཚུན་གྲོས་གླེང་། ཡང་ན་རང་ཉིད་ཀྱི་ལྟ་བ་བཤད་པ་སོགས་ལ་དགེ་རྒན་གྱིས་རྒྱབ་སྐྱོར་དང་ཐུགས་ཁུར་བྱེད་དགོས། དེ་འདྲའི་སློབ་ཁྲིད་བྱ་སྟངས་ལ་བརྟེན་ནས་སློབ་མ་རྣམས་ཀྱིས་རྒྱ་ཡིག་སློབ་སྦྱོང་གི་དགའ་ཞེན་མཐོ་རུ་གཏོང་ཐུབ།
2. རྒྱ་ཡིག་གི་སྒྲ་སྦྱོར་ཡང་དག་སྦྱངས་ནས། རྒྱ་སྐད་ཀྱི་རྨང་གཞི་བརྟན་པོ་འཇོག་དགོས། 
དཔེར་ན། སློབ་བདེ་ནང་གི་བར་བཅུག་རི་མོ་སྤྱད་ནས། རྒྱ་ཡིག་གི་སྒྲ་སྦྱོར་སློབ་ཁྲིད་དང་དུས་མཉམ་དུ། མིང་ཚིག་གསར་བ་སློབ་སྦྱོང་བྱས་ནས་སྟབས་བདེ་བའི་རྗོད་པ་སྦྱོང་བརྡར་བྱེད་དུ་འཇུག་དགོས། དཔེར་ན། སྒྲ་སྦྱོར "A"སྦྱངས་རྗེས། མིང་ཚིག"爱"ཤེས་ཐུབ། དེ་དང་དུས་མཉམ་དུ"我爱祖国"སོགས་སྦྱངས་ཐུབ། 
3. རི་མོར་བལྟས་ནས་ཡི་གེ་སྦྱོང་བ། གཏམ་རྒྱུད་བཤད་པའི་སློབ་གསོ་སློབ་ཁྲིད་ཀྱི་ཁྲོད་ནས་སློབ་དེབ་ནང་གི་རྨང་གཞིའི་ཤེས་བྱ་སྦྱངས་ཡོང་བ་མ་ཟད། རྒྱ་སྐད་བཤད་རྒྱུའི་ཐད་ལ་ཡང་སྦྱོང་བརྡར་ལེགས་པོར་འདུག  དཔེར་ན། ཁོ་བོ་ཇི་འདྲ་རེད། 他怎么样?ང་ཚོ་པེ་ཅིན་ལ་དགའ། 我们爱北京!སོགས་ཡོད། 
4. གོང་གསལ་གྱི་སློབ་ཁྲིད་བྱེད་སྟངས་ལ་བརྟེན་ནས་སློབ་མས་རྒྱ་ཡིག་སྦྱོང་དུས། རྒྱ་ཡིག་མིང་ཚིག་མང་ཙམ་བསྡུ་ལེན་བྱས་པ་མ་ཟད།ད་དུང་རྒྱ་ཡིག་གི་གཞི་རྩའི་མིང་ཚིག་གྲུབ་ཚུལ་སོགས་ཡང་ཤེས་ཡོང་། སློབ་མ་རྣམས་སློབ་གྲྭའི་རྒྱ་ཡིག་གི་སློབ་གསོའི་ཁོར་ཡུག་དང་མ་བྲལ་སྔོན་དུ། རྒྱ་ཡིག་གི་མིང་ཚིག་སྦྱོང་བདེ་ལ་སེམས་ལ་ཡང་འཛིན་བདེ། རྒྱ་སྐད་ཀྱི་སྦྱོང་བརྡར་ལ་ཡང་ཕན་ཐོགས་ཆེ་མོད། འོན་ཀྱང་སློབ་མས་ཕྱིར་ཁྱིམ་དུ་ལོག་རྗེས། སླར་རྒྱ་སྐད་བཤད་པའི་ཁོར་ཡུག་དང་བྲལ་བས། སློབ་མའི་སྤྱིར་རྒྱ་སྐད་དང་རྒྱ་ཡིག་གི་ཆུ་ཚད་ལ་ཤུགས་རྐྱེན་ཐེབས་པ་ནི་སྨྲ་མི་དགོས། 
གཉིས་པ། སློབ་མའི་དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས། དགེ་རྒན་གྱིས་སློབ་སྔོན་གྲ་སྒྲིག་ལེགས་པོར་བྱེད་དགོས།
   ངས་སློབ་ཁྲིད་བྱེད་དུས། སློབ་མ་རྣམས་ཀྱིས་རྒྱ་ཡིག་གི་སྒྲ་སྦྱོར་རྨང་གཞི་བརྟན་པོ་ཞིག་འཇོག་ཐུབ་བ་དང་རྒྱ་སྐད་ཡང་དག་བཤད་ཐུབ་རྒྱུ་དམིགས་ཡུལ་དུ་བཟུང་ནས། རིམ་པ་བཞིན་དུ་སློབ་མ་རྣམས་ཀྱིས་རང་སྦྱོང་གི་ནུས་པ་གསོ་སྐྱོང་བྱེད་བཞིན་ཡོད་ལ། དཔེ་ཆར་ལྟ་འདོད་ཡོད། དཔེ་ཆར་ལྟ་ཤེས་པ། དེར་རྗེས་སློབ་མས་རང་ཉིད་ཁེར་རྐྱང་གིས་བསམ་བློ་ཡང་དག་བཏང་ནས་རྒྱ་ཡིག་ལས་བསྒྱུར་བའི་གྲངས་རིག་སོགས་སློབ་སྦྱོང་བྱེད་དུ་འཇུག། ད་དུང་སློབ་མ་རྣམས་ལ་སློབ་གསེང་གི་ཀློག་བདེ(课外书)འདྲ་མིན་ལྟ་བར་སྐུལ་ལྕག་གཏོང་ངོ་། དགེ་རྒན་གྱིས་སློབ་ཁྲིད་གོང་དུ་ཐོག་མར་སློབ་ཁྲིད་གྲ་སྒྲིག་ཡག་པོ་བཟོས་ཤིང་། སློབ་ཁྲིད་ཁྲོད་ཀྱི་མིང་ཚིག་གསར་བ་སོགས་སློབ་མར་འདོན་སློབ། ནང་དོན་འགྲེལ་བཤད་བྱེད།ཚིག་གྲུབ་སྟངས་སོགས་སློབ་བ་མ་ཟད། ད་དུང་སློབ་མ་རྣམས་ལ་དག་ཡིག་གསརབསྒྲིགས་ལས་མིང་གསར་ཚིག་གསར་འཚོལ་སྟངས་སློབ་ནས་སློབ་མས་ཡི་གེར་ལྟ་བའི་འདོད་པ་མཐོ་རུ་གཏོང་།  སློབ་ཁྲིད་ལས་སློབ་མ་ཕན་ཚུན་རྒྱ་སྐད་བཤད་རྒྱུའི་རྩེད་མོ་རྩེ་བ་དང་། གཏམ་རྒྱུད་བཤད་རྒྱུ། རང་ཉིད་ངོ་སྤྲོད་བྱེད་པ་དང་རྒྱ་གླུ་ལེན་རྒྱུ་སོགས་གནས་ཚུལ་གསར་གཏོད་བྱས་ནས་སློབ་མ་རྣམས་ཀྱི་ཡ་མཚན་ཤེས་འདོད་ཀྱི་བསམ་པ་དང་ལད་མོ་བྱེད་བའི་ནུས་པ། དགའ་ཕྱོགས་གསོ་སྐྱོང་སོགས་ལ་སྐུལ་སློང་བྱས་རྗེས། ད་གཟོད་དགེ་རྒན་གྱིས་སློབ་མས་རྒྱ་སྐད་སྐད་བརྡ་མི་འཕྲོད་པའི་གནད་དོན་ཡང་དག་པར་ཐག་གཅོད་ཐབས་ལ་ཁྲིད་སྟོན་ལེགས་པོར་བྱེད་ཐུབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1