བཀག་སྡོམ་བྱས་པའི་གློག་བརྙན་གྲགས་ཅན་བཅུ།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22
1.《索多玛120天》
གློག་བརྙན་མིང༌། སཱ་ལོར་སོ་ཏོ་མཱའི་ཉིན་120
རྒྱལ་ཁོངས། དབྱི་ཐཱ་ལི་དང་ཧྥ་རན་སི།
འཁྲབ་ཁྲིད་པ། ཕི་ཨར་ཧྥ་ལོར་ཧྥ་སོ་ལི་ཉི།
དུས་ཚོད། 1976ལོ།
གློག་བརྙན་གྱི་ནང་དོན་དང་བཀག་སྡོམ་བྱས་པའི་རྒྱུ་མཚན།
གློག་བརྙན་འདི་ནི་རྣམ་པ་ཐལ་དྲགས་པའི་སྒོ་ནས་ཆགས་སྤྱོད་དང་འཁྲིག་སྲེད། སྐྱུག་བྲོ་བའི་མི་གཤིས་སོགས་བརྗོད་གཞིར་བྱས་པའི་བརྩམས་ཆོས་ཤིག་རེད་འདུག དེ་ཡང་ནང་དོན་ཐད་ཡོ་རོབ་ཏུ་ཧྥ་ཤི་སིས་དབང་བསྒྱུར་བྱེད་པའི་དུས་སྐབས་རྒྱབ་ལྗོངས་བྱས་ཏེ། རྩུབ་སྤྱོད་དང་མི་གཤིས་ལ་རྡོག་རོལ་གཏོང་བའི་མཚོན་ཐབས་ཐོག་ནས་ཕྱུག་བདག་ཚོས་ལྟད་མོ་བའི་བློ་ཡུལ་ལས་འགོངས་བའི་སྐྱུག་བྲོའི་ཆགས་སྤྱོད་བྱ་ལུགས་དང༌། ཆགས་སྤྱོད་བྱ་ཡུལ་ལ་ཉེས་རྡུངས་དྲག་པོ་གཏོང་བ། དེ་བཞིན་ཆགས་སྤྱོད་བྱ་ཡུལ་རྣམས་གཅིག་ཏུ་བསྡུས་ནས་སྐྱག་པའི་གསོལ་སྟོན་ཟེར་བའི་སྟོན་མོ་གཤམས་པ་སོགས་རྒྱུན་གཏན་རང་བཞིན་མིན་པའི་དབང་གིས། ལྟད་མོ་བར་ཆགས་སྲེད་ཀྱི་འདོད་པ་སློང་མི་ཐུབ་ཁར། བསུན་སྣང་དང་ཐབས་རྡུག་གི་བསམ་བློའི་འཁུར་པོ་མནན་པས། དུས་སྐབས་དེའི་རིང་ལ་གློག་བརྙན་དེ་ཡོ་རོབ་གླིང་གི་རྒྱལ་ཁབ་མང་པོ་དང་མཉམ་འབྲེལ་རྒྱལ་ཚོགས་འབྲེལ་ཡོད་སྡེ་ཚན། བུད་མེད་ཚོ་པ། ཆོས་ལུགས་པ་སོགས་མང་པོས་ཁ་རྡུང་དང་བསུན་འབྱིན་བྱས་པས་ཕྱིས་སུ་གོ་ལ་ཧྲིལ་པོར་བཀག་སྡོམ་བྱ་ཡུལ་གྱི་གློག་བརྙན་ཨང་དང་པོར་གྱུར་འདུག
2.《下水道的美人鱼》
གློག་བརྙན་མིང༌། ས་འོག་ཆུ་ཡུར་ནང་གི་ཉ་ཁྲ་མིག
རྒྱལ་ཁོངས། ཉི་ཧོང༌།
འཁྲབ་ཁྲིད་པ། ཧའེ་ཏི་ཧྲི་ཧི་ནོའུ།
དུས་ཚོད། 1988ལོ།
གློག་བརྙན་གྱི་ནང་དོན་དང་བཀག་སྡོམ་བྱས་པའི་རྒྱུ་མཚན།
གློག་བརྙན་འདིའི་ནང་བསམ་བློ་ཐང་ཐང་མིན་པའི་རི་མོའི་སྒྱུ་རྩལ་བ་ཞིག་གི་ཆུང་དུས་བག་ཆགས་དབང་གིས་ས་འོག་སྦག་ཅིང་བཙོག་པའི་ས་འོག་ཆུ་ཡུར་ནང་འཛུལ་ནས་མི་རོ་སོགས་འབྲི་བར་རྩོམ་པས། གློ་བུར་དུ་སྐེད་ཉག་མཚམས་སུ་རྨས་ཐོག་པའི་ཉ་ཁྲ་མིག་ཅིག་མཐོང་བས་རང་ཉིད་ཀྱི་ནང་དུ་འཁྱེར་ཏེ་གསོ་ཉར་བྱས། ཉ་ཁྲ་མིག་གིས་རི་མོ་བར་བླང་བྱ་བཏོན་ཏེ་ཉ་རང་ཉིད་ཀྱི་གཟུགས་བརྙན་མཚོན་པའི་རི་མོ་ཞིག་འབྲི་དགོས་ཚུལ་བཤད། ཉིན་རེ་བཞིན་ཉའི་ནད་གཞི་ཇེ་སྡུག་ཏུ་སོང་བས་རིམ་བཞིན་ལུས་ཡོངས་སྐྲན་གྱིས་བཟུང་སྟེ་ཉའི་མིག་རིལ་ཕྱི་ལ་ཐོན་པ་དང༌། ཁ་ནས་འབུ་སྲིན་དང་འབུ་ཕྲ་སོགས་མང་པོ་ཐོན་ཏེ་ཧ་ཅང་སྐྱུག་བྲོ་བར་འདུག ནད་གཞི་ཧ་ཅང་ལྗི་པོ་ཡིན་པས་ཉ་ཁྲས་རི་མོ་བར་རང་ཉིད་ཀྱི་ཚེ་སྲོག་མཇུག་གྲིལ་རོགས་ཟེར་ཞུ་བ་འཐེན་པས། རི་མོ་བས་ཉའི་གྲོད་པ་གཤགས་ཏེ་ཧ་ལས་པར་དང་སྨྱོ་བ་ལྟར་གྱུར། ཉའི་གྲོད་པའི་ནང་རྐང་གཉིས་ཅན་གྱི་ཚེ་སྲོག་ཅིག་མཐོང༌། ཕྱིས་སུ་ཁྱིམ་མཚེས་ཀྱིས་རི་མོ་བའི་ནང་གི་གནམ་པང་དང་རྩིག་ངོས་སོགས་སུ་ཁྲག་གིས་ཁེངས་པར་ཕྲལ་དུ་ཉེན་རྟོག་ལ་སྙན་སེང་ཞུས། རི་མོ་བས་རང་ཉིད་ཀྱི་བཟའ་ཟླ་བསད་པའི་ཉེས་པ་བསགས། གློག་བརྙན་འདིས་ཕྱོགས་གཅིག་ནས་མི་རང་ཉིད་ཀྱི་ཐོག་མར་རང་བྱུང་ཁམས་ལ་གནོད་སྐྱོན་བཏང་བས། མཐར་རྨེག་མེད་དུ་འགྲོ་རྒྱུ་ནི་མི་རང་ཉིད་པའི་མཚོན་ཐབས་བསྡུས་བརྗོད་ཞིག་བསྐྲུན་པ་དང༌། གཞན་ནས་བསམ་བློ་ཐང་ཐང་མིན་པའི་སྒྱུ་རྩལ་པ་དང་འདྲ་བའི་མི་མང་པོས་ཉེས་གསོག་བྱ་སྤྱོད་སྤེལ་བཞིན་པ་གསལ་སྟོན་བྱས་འདུག གློག་བརྙན་འདི་བཀག་སྡོམ་བྱེད་པའི་རྒྱུ་མཚན་གཙོ་བོ་ནི་འཁྲབ་ཁྲིད་པས་ཧ་ཅང་སྐྱུག་བྲོ་བའི་མཚོན་ཐབས་སྤྱད་པས་ཡིན་ངེས་འདུག
3.《不可撤销》
གློག་བརྙན་མིང༌། ཕྱིར་འཐེན་མི་རུང་བ།
རྒྱལ་ཁོངས། ཧྥ་རན་སི།
འཁྲབ་ཁྲིད་པ། རྒ་སཱ་ཧྥར་ནོའུ་དབྱི།
དུས་ཚོད། 2002ལོ།
གློག་བརྙན་གྱི་ནང་དོན་དང་བཀག་སྡོམ་བྱས་པའི་རྒྱུ་མཚན།
མི་གཞི་བྱས་ན་ཧྥ་རན་སིའི་གློག་བརྙན་ལ་དགའ་པོ་བྱེད་མཁན་མང་པོ་ཡོད་ལ། རྒྱལ་ནང་ལྟད་མོ་བར་བག་ཆགས་ཟབ་མོ་འཇོག་ཐུབ་པའི་བརྩམས་ཆོས་མང་པོ་བྱུང་ཡོད། འོན་ཀྱང་༢༠༠༢ལོར་བཏོན་པའི་གློག་བརྙན་《ཕྱིར་འཐེན་མི་རུང་བ་》ཟེར་བ་འདིས་བག་ཆགས་ཡག་པོ་དག་རྦད་དེ་མགོ་རྟིང་སློག་ངེས། གློག་བརྙན་དེ་ཁྲོམ་རར་བཏོན་མ་ཐག་སྐར་མ་བཅུ་ལྷག་གི་རྩུབ་སྤྱོད་ཐོག་ནས་ཆགས་སྤྱོད་དང་འཁྲིག་སྲེད་ཀྱི་བྱེད་པའི་ལོག་གཡེམ་པར་གཞིས་ལྟད་མོ་བ་མི་མགུ་བར་བྱས་འདུག ད་དུང་བར་བཅུག་གླུ་གཞས་སོགས་ཀྱི་དཔར་དབང་ལ་རྩོད་གཞི་མང་པོ་བྱུང་འདུག གཙོ་བོར་སྡུག་སྤྱོད་ལམ་ནས་ཆགས་པ་སྤྱོད་པའི་བརྗོད་གཞི་རུལ་མ་དང་འཇིགས་ཡེར་བའི་བྱུང་རིམ་གཉིས་ལས་གློག་བརྙན་འདི་གོ་ལ་ཧྲིལ་པོར་བཀག་སྡོམ་བྱ་ཡུལ་གྱི་གློག་བརྙན་ཨང་གསུམ་པར་གྱུར་འདུག
4.《罗马帝国艳情史》
གློག་བརྙན་མིང༌། རའོ་མཱ་རྒྱལ་རབས་ཀྱི་འཁྲིག་སྤྱོད་ལོ་རྒྱུས།
རྒྱལ་ཁོངས། ཨེ་མི་རི་ཁ་དང་དབྱི་ཐཱ་ལི།
འཁྲབ་ཁྲིད་པ། ཐིན་ཐོའོ་པུའུ་རས་སི།
དུས་ཚོད། 1979ལོ།
གློག་བརྙན་གྱི་ནང་དོན་དང་བཀག་སྡོམ་བྱས་པའི་རྒྱུ་མཚན།
གློག་བརྙན་འདི་ནི་འཁྲིག་སྤྱོད་དང་ཞེན་ཅིང་གདུག་རྩུབ་ལྷག་ཏུ་ཆེ་བའི་རོའོ་མཱན་
རྒྱལ་པོ་ཞིག་གིས་ཡབ་ཆེན་ས་ནས་གོ་གནས་འཕྲོག་ཏེ། ཡུན་ཐུང་ཅིག་རིང་ནུབ་ཕྱོགས་ཆགས་སྤྱོད་བཅིངས་འགྲོལ་གཏོང་བའི་འཕྲིན་ལས་བསྐྱངས་ཁུལ་དུ། ཆབ་སྲིད་དང་རྒྱལ་དོན་སོགས་ལ་དོ་མཉམ་མ་བྱས་པར། རྒྱལ་ཁོངས་བུད་མེད་གཅེར་བུར་བཞག་ནས་ཚུལ་མིན་གྱི་འཁྲིག་སྤྱོད་བྱེད་པའི་གློག་བརྙན་ཞིག་རེད་འདུག དེའི་དབང་གིས་ཕྱིས་སུ་ནུབ་ཕྱོགས་རྒྱལ་ཁབ་མང་པོས་གློག་བརྙན་ཞུ་དག་བྱེད་པ་དང་འཁྲིག་སྤྱོད་བརྗོད་གཞིར་བྱས་པའི་གློག་བརྙན་རིགས་སྐབས་དེའི་དུས་ཀྱི་སྟོན་ཆོག་པའི་གློག་བརྙན་གཙོ་གྲས་ནས་མར་ཕབ་པ་རེད། གློག་བརྙན་འདིས་ལོ་རྒྱུས་རྒྱབ་ལྗོངས་ལ་རྟོགས་བཟོ་ཤུགས་ཆེ་བས་རྣམ་པ་ཡ་མཚན་ཞིག་ཆགས་འདུག མ་ཟད་གློག་བརྙན་འདིའི་བྱུང་རིམ་དང་བརྗོད་སྙིང་སོགས་ལ་རྩོད་ཉོག་མང་པོ་བྱུང་ཡོད་སྐད།
5.《感官世界》
གློག་བརྙན་མིང༌། ཚོར་ཤེས་ཀྱི་འཇིག་རྟེན།
རྒྱལ་ཁོངས། ཉི་ཧོང་།
འཁྲབ་ཁྲིད་པ། ཏཱ་ཏའོ་ཀྲུའུ།
དུས་ཚོད། 1976ལོ།
གློག་བརྙན་གྱི་ནང་དོན་དང་བཀག་སྡོམ་བྱས་པའི་རྒྱུ་མཚན། གློག་བརྙན་འདི་ནི་ཉི་ཧོང་གི་ཨཱ་པོ་ཏིན་དོན་རྐྱེན་ཟེར་བ་རྒྱབ་ལྗོངས་བྱས་ཏེ་སྒྲིག་སྦྱོར་བྱས་པ་ཞིག་རེད། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཉི་ཧོང་ཞིང་གྲོང་གི་སྦྱིན་བདག་བུ་དང་གཡོག་མོ་གཉིས་དབར་ཧ་ལས་དགོས་པའི་བརྩེ་དུང་འཁྲུངས་ནས། མི་སྣ་གཉིས་ཀྱི་འཁྲིག་སྤྱོད་དང་བརྩེ་དུང་གཉིས་གཞི་གཅིག་ཏུ་མཐོང་སྟེ། རྦད་དེ་བསམ་སྤྱོད་སྤྱིར་བཏང་ལས་རྒལ་བའི་ཆགས་སྤྱོད་ནང་ཚུད་དེ་དམར་ཧྲེང་ཧྲེང་གི་ཆགས་སྤྱོད་བྱེད་སྟངས་གསལ་པོར་སྟོན་ཡོད། ཉི་ཧོང་གི་རྒྱལ་ནང་དུ་སྐབས་ཤིག་རིང་སྟོན་མི་ཆོག་པའི་གློག་བརྙན་ཞིག་ཆགས་ཡོད། གློག་བརྙན་དེའི་མི་སྣ་གཙོ་བོ་གཉིས་ཀྱི་ཀུན་སྤྱོད་དང་མི་མཐུན་པའི་བྱ་སྟངས་དང་བྱེད་ལུགས། དེ་བཞིན་ཕོ་མོའི་ཚུལ་མིན་བྱ་སྟངས་ཀྱིས་ན་ཆུང་གཞོན་ནུའི་སྤྱི་ཚོགས་ལ་ཕོག་ཐུག་དང་ཤུཊ་རྐྱེན་ཆེན་པོ་ཐེབས་ཏེ་ཁྲིམས་རྒལ་གྱི་གྱོད་དོན་མང་དུ་འགྲོ་བས་ཡིན་ཟེར་རོ། །
6.《魔法圣婴》
གློག་བརྙན་མིང༌། རྫུ་འཕྲུལ་ལས་འཁྲུངས་པའི་ལྷ་ཕྲུག
རྒྱལ་ཁོངས། དབྱིན་ཇི། ཧྥ་རིན་སི་དང་འཇར་མན་སོགས།
འཁྲབ་ཁྲིད་པ། ཧྥེ་ཐར་རྒར་རི་ནཱ་ཝེ།
དུས་ཚོད། 1993ལོ།
གློག་བརྙན་གྱི་ནང་དོན་དང་བཀག་སྡོམ་བྱས་པའི་རྒྱུ་མཚན། གློག་བརྙན་འདི་ནི་འཁྲབ་ཁྲིད་པ་ཧྥེ་ཐར་རྒར་རི་ནཱ་ཝེ་ལགས་ཀྱི་གར་སྟེགས་སྒྱུ་རྩལ་རྣམ་པའི་ཐོག་ནས་བུ་མོ་དམར་ཤར་ཅིག་ལ་ཕྲུ་གུ་ཞིག་བཙས་སྟེ། མང་ཚོགས་རང་བཞིན་གྱི་ལམ་སྲོལ་དང་གོམ་གཤིས་དང་གདུག་སྤྱོད་ལམ་ནས་འཁྲིག་སྲེད་དང་ཆགས་སྤྱོད་བྱེད་པའི་རྣམ་པ་ལས་བརྒལ་ཏེ་འཁྲབ་འཁྲིད་པ་རང་ཉིད་ཀྱི་སྐལ་པ་སྟོང་བའི་ཆགས་འཇིག་མཚོན་པར་བྱས་འདུག གློག་བརྙན་འདིས་མིའི་རིགས་ཀྱི་བསམ་བློ་དང་ཀུན་སྤྱོད། དེ་བཞིན་མི་ཆོས་ལ་རྡོག་རོལ་གཏོང་བའི་ནང་དོན་འདུག་ཅེས་བཀག་སྡོམ་བྱས་ཟེར།
7.《杀人不分左右》
གློག་བརྙན་མིང༌། ཤ་ལེན་ཆེད་དུ་མི་གསོད་པ།
རྒྱལ་ཁོངས། ཨ་རི།
འཁྲབ་ཁྲིད་པ། ཝེ་སི་ཁུ་རཱ་ཝན།
དུས་ཚོད། 1972ལོ།
གློག་བརྙན་གྱི་ནང་དོན་དང་བཀག་སྡོམ་བྱས་པའི་རྒྱུ་མཚན། གློག་བརྙན་འདིའི་ཨ་རིའི་ནང་ཉེས་གསོག་པ་བཞིས་གྲས་རིམ་འབྲིང་མའི་ཁྱིམ་ཚང་ཞིག་ཏུ་བུ་མོ་གཞོན་ནུ་མ་གཉིས་བཀག་བཟུང་བྱས་ནས། བུ་མོ་གཉིས་ཁང་པོ་ཧྲུལ་པོ་ཞིག་ནང་འཁྲིད་དེ་ལོག་གཡེམ་དང་མནར་གཅོད། མཐར་སྡུག་གསོད་བྱས་པའི་སྒྲུང་ཞིག་རེད། ཕྱིས་སུ་ཉེས་གསོག་པ་བཞི་ཉེན་གཡོལ་བྱ་ཆེད་གྲས་རིམ་འབྲིང་མའི་ཁྱིམ་དུ་གབ་སྡོད་བྱས་པར། ཁྱིམ་ཚང་སྦྱིན་བདག་གིས་དགྲ་ཤ་ལེན་ཆེད་ཉེས་གསོག་པར་ཨ་རག་སྟེར་ནས་ར་རོ་བཟོས་པ་དང༌། ཆེས་གདུག་རྩུབ་ཀྱི་བྱ་ཐབས་སྤྱད་དེ་ཉེས་གསོག་པ་བཞི་དམར་གསོད་བཏང་བ་རེད། གློག་བརྙན་འདིར་དོན་དངོས་རང་བཞིན་ཤུགས་ཆེར་ལྡན་ནའང་འཇིགས་ཡེར་བའི་ཤ་ལན་སློག་སྟངས་ཀྱིས་ཨ་རིའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཕྱིས་སུ་ཨ་རི་དང་རྒྱལ་ཁབ་མང་པོས་བཀག་སྡོམ་བྱས་པ་རེད།
8.《肏我》
གློག་བརྙན་མིང༌། ང་ལ་བཙན་གཡེམ་བྱོས་དང༌།
རྒྱལ་ཁོངས། ཧྥ་རན་སི།
འཁྲབ་ཁྲིད་པ། ཁོ་རིའུ་རླིད།
དུས་ཚོད། 2000ལོ།
གློག་བརྙན་གྱི་ནང་དོན་དང་བཀག་སྡོམ་བྱས་པའི་རྒྱུ་མཚན། གློག་བརྙན་འདིའི་ནང་ཡོངས་ཁུངས་གཅིག་པ་མིན་པའི་བུད་མེད་གཉིས་ལས་དབང་གཅིག་མཚུངས་ཡིན་པས་བཙན་བྱོལ་གྱི་ལམ་དུ་མི་ཞུགས་ཐབས་མེད་བྱུང་ནས། ལམ་ཞོར་དུ་མི་གསོད་པ་དང་འཁྲིག་སྤྱོད་བྱེད་པའི་ལྡོག་མེད་ལམ་བུ་ཞིག་ཏུ་ཆས་ཡོད། གློག་བརྙན་ནང་ཆགས་སྤྱོད་དང་དམར་གསོད་ཀྱི་བརྒྱུད་རིམ་ལས་ལྟད་མོ་བར་འཇིགས་སྐྲག་ཚད་མེད་སློང་གིན་ཡོད། མ་གཞི་བྱས་ན་གློག་བརྙན་དེ་ཆགས་སྤྱོད་བརྗོད་སྙིང་གཙོ་བོ་མིན་པར་བུད་མེད་ཀྱི་དཀའ་སྡུག་གི་ལས་དབང་བརྗོད་གཞིར་བྱས་ཀྱང༌། བུད་མེད་ཀྱིས་སྐྱེས་པ་ལས་ཆེས་གདུག་རྩུབ་ཆེ་བ་དང་གཡོ་ཁྲམ་གྱིས་བྱ་ཐབས་སྤྱད་ནས་མི་གསོད་པ་དང་འཁྲིག་པ་སྤྱོད་པའི་བརྒྱུད་རིམ་ལ་མི་མང་པོ་ཧ་ལས་པར་གྱུར་ཡོད། གློག་བརྙན་དེའི་ནང་འཁྲབ་སྟོན་པས་ཆགས་སྤྱོད་དངོས་བྱེད་པའི་གཡོ་རྫུས་རང་བཞིན་གྱིས་གློག་བརྙན་དེ་རིགས་འཕེལ་རྒྱས་འགྲོ་རྒྱུར་ཤུགས་རྐྱེན་ངན་པ་ཐེབས་པའི་མིང་ཐོག་ནས་བཀག་སྡོམ་བྱ་ཡུལ་གྱི་གློག་བརྙན་ཞིག་ཏུ་གྱུར་ཏོ།།
9.《切肤之爱》
གློག་བརྙན་མིང༌། ཤ་ཞེན་ཆེ་བའི་བརྩེ་དུང༌།
རྒྱལ་ཁོངས། ཉི་ཧོང་དང་ལྷོ་ཁུ་རེ་ཡཱ།
འཁྲབ་ཁྲིད་པ། སཱན་ཁྲི་སུང་ཧྲི།
དུས་ཚོད། 2000ལོ།
གློག་བརྙན་གྱི་ནང་དོན་དང་བཀག་སྡོམ་བྱས་པའི་རྒྱུ་མཚན། གློག་བརྙན་འདིའི་ནང་ན་ཚོད་འབྲིང་ལ་སླེབས་པའི་སྐྱེས་པ་ཞིག་གིས་བུད་མེད་ཅིག་ལ་དགའ་སེམས་ཤོར་བའི་ཐོག་ནས་བུད་མེད་དེ་དང་འབྲེལ་བ་བྱུང་བའི་བརྗོད་སྙིང་མཚོན་ཡོད། ཆུང་དུས་ནས་པ་ཕས་བཙན་གཡེམ་ཐེངས་མང་བྱས་པའི་བུད་མེད་དེས་ཤ་ལེན་སློག་སྙམ་པའི་བསམ་བློའི་བག་ཆགས་སྟུག་དྲགས་པས། སྐྱེས་པ་དེར་གཡོ་ཁྲམ་དང་གདུག་རྩུབ་ཐོག་ནས་མནར་གསོད་བཏང་བ་དང་དུས་མཉམ་དུ། མི་ཉི་ཤུ་ལྷག་གི་མགོ་བོ་བཅད་དེ་གསར་གསོད་གཏོང་བ་དང༌། དམར་གསོད་བཏང་རྗེས་ཤི་ཕུང་གི་རྒྱུ་མ་དང་ཁྲག་སོགས་ལ་རྩེད་མོ་རྩེ་བའི་བརྒྱུད་རིམ་འཁྲབ་ཡོད། གློག་བརྙན་དེས་དུས་སྐབས་དེའི་རིང་གི་ཉི་ཧོང་གི་རྒྱལ་ཁོངས་ཀྱི་ན་ཚོད་འབྲིང་ཙམ་ལ་སླེབས་པའི་མི་སྣའི་ཁེར་རྐྱང་གི་སྡུག་བསྔལ་དང༌། དེ་ལས་བྱུང་བའི་བརྩེ་དུང་ཟེར་བའི་ནང་ལྷུང་ནས་མཐར་བསམ་བློ་ཐང་ཐང་མིན་པའི་བུད་མེད་ཀྱིས་དམར་གསོད་བཏང་སྟེ། སྤྱི་ཚོགས་ཀྱི་སྣང་ཚུལ་འཇིཊ་ཡེར་བ་ཞིག་མཚོན་པས་ན། ཕྱིས་སུ་གོ་ལ་ཧྲིལ་པོར་མི་ཆོས་དང་མིའི་ཐོབ་ཐང་ལ་བཙན་གནོད་བྱེད་པའི་ཀླ་ཀློའི་བསམ་སྤྱོད་ཡིན་འདུག་ཅེས་གློག་བརྙན་དེ་བཀག་སྡོམ་བྱས་ཡོད།
10.《我唾弃你的坟墓》
གློག་བརྙན་མིང༌། ངས་ཁྱོད་ཀྱི་དུར་སར་མཆིལ་མ་གཏོར།
རྒྱལ་ཁོངས། ཨེ་མ་རི་ཁཱ།
འཁྲབ་ཁྲིད་པ། མའེ་ཡར་ཛར་ཁྲི།
དུས་ཚོད། 1978ལོ།
གློག་བརྙན་གྱི་ནང་དོན་དང་བཀག་སྡོམ་བྱས་པའི་རྒྱུ་མཚན། གློག་བརྙན་འདིའི་ནང་བུད་མེད་གཅིག་ལ་སྐྱེས་པ་བཞི་ཡིས་བཙན་གཡེམ་བྱས་པར་སེམས་ལ་ཕོག་ཐུག་ཆེན་པོ་བྱུང་སྟེ། ཆགས་སྤྱོད་དང་སྨད་ཚོང་མའི་ལས་ལ་ཞུགས་ཏེ་སྐྱེས་པ་བཞི་རིམ་བཞིན་སྡུག་གསོད་གཏོང་བའི་བརྒྱུད་རིམ་མངོན་པར་བྱས་ཡོད། དེ་ཡང་དུས་རབས་གོང་མའི་ལོ་རབས་བརྒྱ་བཅུ་པའི་ནང་ཨ་རིའི་སྤྱི་ཚོགས་ནང་གློག་བརྙན་འདི་རིགས་ལ་དགའ་པོ་བྱེད་མཁན་མེད་ལ། བརྗོད་སྙིང་ཧྲུལ་པོ་ཡིན་པའི་ཆ་ནས་མཐར་བསྐྲད་བཏང་ཡོད། བཤད་འདོད་པ་ནི་གློག་བརྙན་ནང་བུད་མེད་དེས་མི་གསོད་པའི་བརྒྱུད་རིམ་ནི་ཧ་ཅང་གི་སྡུག་རྩུབ་དང་འཇིགས་དངངས་སྟེར།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1