ཀྲུང་གོའི་ནུབ་རྒྱུད་ཀྱི་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུའི་སྟེང་བོད་སྨན་གྱི་ཐོན་རྫས་གསར་པ་འགྲེམ་སྟོན་བྱས་པ།

ཚེ་འཛིན་སྒྲོལ་དཀར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 11-05



         སྤྱི་ཟླ་11པའི་ཚེས་3ཉིན་གྱི་སྔ་དྲོར།   སྐབས་བཅུ་དྲུག་པའི་ཀྲུང་གོའི་ནུབ་རྒྱུད་ཀྱི་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་དང་སྐབས་བརྒྱད་པའི་ཀྲུང་གོའི་ནུབ་རྒྱུད་ཀྱི་རྒྱལ་སྤྱིའི་མཉམ་ལས་བགྲོ་གླེང་དེ་ཁྲེན་ཏུའུ་རུ་གཟབ་རྒྱས་ངང་ཚོགས་འགོ་ཚུགས།


         ཐེངས་འདིའི་ནུབ་རྒྱུད་བཤམ་སྟོན་འདུ་ཚོགས་ཀྱིས་རྒྱུད་གཅིག་ལམ་གཅིག་བསྐྲུན་ནས་ཐུན་མོང་གིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་རྒྱུ་བརྗོད་གཞི་གཙོ་བོ་བྱས་པ་ཤིང་། དེས་རྒྱུད་གཅིག་ལམ་གཅིག་ཁ྄ོད་ཞུགས་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་རེ་འདུན་མཚོན་ཡོད།

        རྒྱུས་ལོན་བྱུང་པ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་འདུ་ཚོགས་སྟེང་དཀར་མཛེས་ཁུལ་གྱིས་དྭངས་གཙང་དཀར་མཛེས། འབྱུང་འཕྲོད་འཕེལ་རྒྱས་ཞེས་པའི་བརྗོད་བྱ་གཙོ་བོར་བཟུང་ནས་ཁྱད་ལྡན་གྱི་ཞིང་ལས་ཐོན་རྫས་དང་བོད་སྨན།  ཐུན་མོང་མ་མིན་པའི་རིག་གནས་ཐོན་ལས། ནུས་ཁོངས་དང་གཏེར་རྫས་སོགས་འགྲེམ་སྟོན་བྱས།


        འགྲེམ་སྟོན་དངོས་རྫས་ཁྲོད་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་ལུགས་སྨན་ཁང་གི་གསར་སྤེལ་བྱས་པའི་ཐོན་རྫས་ལ་ལྟད་མོ་ཀུན་གྱི་དགའ་བསུ་ཐོབ།  


        ལས་བྱེད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན།  དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་ལུགས་སྨན་ཁང་གི་སྣ་སྨན་དབང་པོ་ཀུན་སེལ་དང་སྨན་ལུམས་བསྙལ་མ། རོ་ཙ་སྟོབས་སྐྱེད་ཀྱི་སྤྱིན་ཐུམ་དང་སྨན་སྤོས་སོགས་ནི་གསར་སྤེལ་བྱས་པའི་ཐོན་རྫས་གསར་པ་ཡིན་ལ།  ལོ་གསུམ་བཞི་ལྷག་གི་རིང་ལ་ཞིབ་འཇུག་བྱས་པའི་ས་གནས་རང་གི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཡིན་པས་ཀུན་གྱིས་གདེང་འཇོག་ཚད་མཐོན་པོ་གནང་།།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1