དབྱིན་ཇིར་རོལ་མོ་ནི་ངེས་སྦྱོང་སློབ་ཁྲིད་ཀྱི་གྲས་སུ་བཞག་པ་ཡིན།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 01-18


        དབྱིན་ཇིར་རོལ་མོ་ནི་རྒྱལ་ཁབ་ཀྱི་སློབ་ཚན་མ་ལག་ཁྲོད་ངེས་སྦྱོང་སློབ་ཁྲིད་ལ་གཏོགས་པས། གཞུང་གཉེར་སློབ་གྲྭ་འགྲིམ་བཞིན་པའི་ལོ5ནས་ལོ14བར་གྱི་བྱིས་པ་ཚང་མ་ངེས་པར་དུ་རོལ་མོ་སློབ་ཁྲིད་ལ་ཞུགས་དགོས། 2012ལོརརྒྱལ་ཁབ་ཀྱི་རོལ་མོའི་སློབ་གསོའི་འཆར་གཞིའིཁྲོད་ཀྱི་ཁག་ཅིག་ཡིན་པའི་ཆ་ནས། སྲིད་གཞུང་གིས་རོལ་མོའི་ལྟེ་གནས་འཛུགས་སྐྲུན་བྱེད་པར་རོགས་དངུལ་བཏང་། རོལ་མོ་ལྟེ་གནས་ཚུགས་པའི་ལོ་དང་པོར། ཕལ་ཆེར་བྱིས་པ་ཁྲི50ལ་ཐོག་མར་རོལ་ཆས་སློབ་པའི་གོ་སྐབས་གནང་བ་མ་ཟད། 15000ལ་ཉེ་བའི་སློབ་གྲྭའི་མཉམ་ལེན་ཚོགས་པ་དང་།འབུད་དཀྲོལ་རོལ་ཆའི་ཚོགས་པ་དང་། རོལ་ཆའི་རུ་ཁག་བཅས་ལ་མཉམ་ལས་བྱེད་དུ་བཅུག སྤྱི་ཚོགས་དཔལ་འབྱོར་གྱི་རྒྱབ་ལྗོངས་ཅུང་ཞན་པའི་སློབ་མ་ཁྲི8རོལ་དབྱངས་དཀྲོལ་བ་དང་མཉམ་ལེན་ཚོགས་པར་ཞུགས། 2014ལོར60%ཡན་གྱི་སློབ་ཆུང་དང50%ཡན་གྱི་སློབ་འབྲིང་ལ་མཉམ་ལས་བྱས། བྱིས་པ་ཁྲི5ལྷག་གིས་མཉམ་དཀྲོལ་རོལ་མོའི་སློབ་ཁྲིད་ཆ་ཚང་མྱངས་ཐུབ་པ་བྱུང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1