ས་འགུལ་མྱུར་སྐྱོབ་རུ་ཁག་ལ་མི་45ལས་ཉུང་མི་རུང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-21


        ཉིན་འགའི་སྔོན་དུ། ཞིང་ཆེན་སྤུས་ཚད་ལྟ་སྐུལ་ཅུས་ཀྱིས་ཞིང་ཆེན་ས་འགུལ་རྟོག་དཔྱོད་ཅུས་ཀྱིས་ཟིན་བྲིས་ལེགས་འགྲུབ་བྱུང་བའི་《གྲོང་ཁྱེར་དང་རྫོང་གིས་ས་འགུལ་གནོད་ཐེབས་ལ་མྱུར་སྐྱོབ་རུ་ཁག་འཛུགས་པའི་ཚད་གཞི།》དངོས་སུ་ཁྱབ་བསྒྲགས་བྱས། སྤྱིའི་བླང་བྱ་དང་དཔུང་ཁག་གི་གྲུབ་ཚུལ། སྒྲིག་ཆས་བཀོད་སྒྲིག   རྒྱབ་ཕྱོགས་ཀྱི་མཁོ་སྒྲུབ་འགན་ལེན་སོགས་ཕྱོགས་བཞིའི་ཐད་ནས་གྲོང་ཁྱེར་དང་རྫོང་ལ་ས་འགུལ་གནོད་ཐེབས་ཀྱི་མྱུར་སྐྱོར་དཔུང་ཁག་འཛུགས་པའི་ཚད་གཞི་བཏོན།
        ཚད་གཞི་ཡིས་ས་གནས་སོ་སོའི་མེ་འགོག་མེ་ཟོན་སོགས་ད་ཡོད་ཀྱི་རུ་ཁག་ལ་བརྟེན་ནས་གྲོང་ཁྱེར་དང་རྫོང་གི་ས་འགུལ་གནོད་ཐེབས་མྱུར་སྐྱོབ་བྱེད་པའི་རུ་ཁག་འཛུགས་དགོས་ན། ལས་འགན་གཙོ་བོ་ནི་འགུལ་རྗེས་སུ་འཛུགས་སྐྲུན་དངོས་པོར་གཏོར་བརླག་ཐེབས་པ་དང་། རྡིབ་པ།  དེ་མིན་མི་སྣ་ཤི་རྨས་བྱུང་བ་སོགས་གནོད་ཐེབས་མང་ཚོགས་འཚོལ་ཞིབ་དང་མྱུར་སྐྱོབ་བྱ་དགོས།  
        གྲོང་ཁྱེར་དང་རྫོང་གིས་ས་འགུལ་གནོད་ཐེབས་ཀྱི་མྱུར་སྐྱོབ་རུ་ཁག་འཛུགས་པར་མི་45ལས་ཉུང་མི་རུང་བར་མ་ཟད། ལས་སྒྲུབ་ས་ཚིགས་གཅིག་ཏུ་ཆུ་ཚོད་ཉེར་བཞིའི་རིང་ལ་མྱུར་སྐྱོབ་བྱེད་པའི་ནུས་པ་དང་ཉེ་འགྲམ་ས་ཁུལ་ལ་རོགས་སྐྱོར་བྱེད་པའི་ནུས་པ་ལྡན་དགོས། གྲོང་ཁྱེར་དང་རྫོང་གི་ས་འགུལ་མྱུར་སྐྱོབ་དཔུང་ཁག་དེ་མི་45ལས་ཉུང་མི་རུང་བར་མ་ཟད། དཔུང་ཁག་རང་ཉིད་ཀྱི་མིང་དང་རུ་དར་ཐོབ་ཐང་སོགས་ཡོད་དགོས་པར་མ་ཟད། དོ་དམ་ལམ་ལུགས་དང་བཀོད་འདོམས་མཐུན་སྦྱོར་ལམ་སྲོལ་སོགས་འཛུགས་པ། ངེས་གཏན་གྱི་རྩལ་སྦྱོང་ར་བ་དང་སྒྲིག་ཆས་སོགས་ཆ་ཚང་འཛོམས་དགོས། དེ་མིན་ལས་སྒྲུབ་ས་ཚིགས་གཅིག་ལ་ཆུ་ཚོད་24རིང་གི་མྱུར་སྐྱོབ་བྱེད་པའི་ནུས་པ་དང་ཉེ་འགྲམ་ལ་རོགས་སྐྱོར་བྱེད་པའི་ནུས་པ། རང་གིས་རང་ལ་ཉིན་3རིང་འགན་སྲུང་བྱེད་པའི་ནུས་པ་བཅས་འཛོམས་དགོས་པའི་བླང་བྱ་བཏོན། 
        རྒྱལ་ཁབ་དང་ཞིང་ཆེན་གྱིས་གནོད་འགོག་ཕྱོགས་ཀྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་ནས། གནོད་ཐེབས་རང་བཞིན་གྱི་ས་འགུལ་བྱུང་རྗེས་ཀྱི་ཆུ་ཚོད་གཉིས་ནང་ཏུ་མྱུར་སྐྱོབ་དཔུང་ཁག་གནོད་ཐེབས་ས་ཁུལ་དུ་འབྱོར་ནས་མྱུར་སྐྱོབ་བྱ་དགོས། ཞིང་ཆེན་ས་འགུལ་རྟོག་དཔྱོད་ཅུས་མཁོ་བསྟུན་མྱུར་སྐྱོབ་ཁང་གི་འགན་འཛིན་པ་ཞི་ལིན་གིས་གསར་འགོད་པར་ལྔ་པའི་ཚེས་བཅུ་གཉིས་ཉིན་གྱི་ཝུན་ཁྲོན་ས་འགུལ་རྗེས་སུ། རང་རེའི་ཞིང་ཆེན་གྱིས་ས་འགུལ་གནོད་ཐེབས་ཀྱི་མྱུར་སྐྱོབ་རུ་ཁག་འཛུགས་པར་ཤུགས་སྣོན་དང་མིག་སྔར་རང་རེའི་ཞིང་ཆེན་ལ་གྲོང་ཁྱེར་དང་རྫོང་གི་མྱུར་སྐྱོབ་དཔུང་ཁག་100ལྷག་ཡོད་མོད། ཡིན་ནའང་འཕེལ་རྒྱས་བྱུང་ཚད་དོ་མཉམ་མིན་པའི་གནས་ཚུལ་ཡོད་པ་རེད་ཅེས་བཤད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1