སྤྱི་ཟླ་7པའི་ཚེས་12ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་པར་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དྲིལ་བསྒྲགས་པུའུ་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་2014ལོའི་ཀྲུང་གོའི་མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་སྤྱིའི་པར་ལེན་དུས་ཆེན་དེ་མཚོ་སྔོན་རྒྱལ་སྤྱི་འགྲེམ་སྟོན་ལྟེ་གནས་སུ་ཚོགས།
ཐེངས་འདིའི་པར་ལེན་དུས་ཆེན་གྱི་བརྗོད་དོན་ནི་ཁུ་ནུས་སྲུང་སྐྱོབ་འོག་གི་མངའ་ཁོངས་སྟེ་བརྙན་ཡོལ་ངོས་ཀྱི་པར་རིས་ཞེས་པ་དེ་ཡིན་ལ། བསྡོམས་པས་འགྲེམ་སྟོན་ཆེན་མོ་དང་མི་སྒེར་གྱི་ཆེད་དོན་འགྲེམ་སྟོན་སོགས་80ལྷག་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་དང་ཞིང་ཆེན་ཕྱི་ནང་གི་པར་ལེན་པ་600ལྷག་གིས་བརྩམས་ཆོས་ཁྲི་ལྷག་འགྲེམ་སྟོན་ལ་ཞུགས་ཡོད། འགྲེམ་སྟོན་དུས་ཆེན་ལ་པར་ལེན་འགྲེམ་སྟོན་དང་མཐོ་རིམ་གླེང་སྟེགས། མིང་གྲགས་པར་ལེན་པའི་འཆད་ཁྲིད་སོགས་ཆེད་ལས་བྱ་འགུལ་ལས་གཞན། པར་ལེན་སྒྲིག་ཆས་འགྲེམ་སྟོན་དང་པར་ལེན་ལག་རྩལ་གསར་བ་འགྲེམ་སྟོན་སོགས་བྱ་འགུལ་སྐོར་ཞིག་སྤེལ་རྒྱུ་དང་། པར་ལེན་དུས་ཆེན་གྱི་སྐབས་སུ། པར་ལེན་པ་རྣམས་མཚོ་སྔོན་པོ་དང་སྐུ་འབུམ་དགོན་པ་སོགས་མཚོ་སྔོན་གྱི་མིང་གྲགས་གནས་སྐོར་མཛེས་ལྗོངས་ཁུལ་དུ་ཕྱིན་ནས་པར་ལེན་བརྗོད་བྱ་འཚོལ་སྡུད་བྱེད་སྒོ་སྤེལ་རྒྱུ་རེད། །