རང་རེའི་ཞིང་ཆེན་ལ་རྒྱལ་ཁབ་ཀྱི་གསར་སྐྲུན་ཅན་གྱི་ཞིང་ཆེན་དུ་འཛུགས་སྐྲུན་བྱེད་པའི་མཆོག་མཆན་ཐོབ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-05


        ཉེ་ཆར། ཚན་རྩལ་པུའུ་ཡིས《སི་ཁྲོན་གསར་སྐྲུན་ཅན་གྱི་ཞིང་ཆེན་དུ་འཛུགས་སྐྲུན་བྱེད་པའི་འཆར་འགོད།》མཆོག་མཆན་གནང་བར་མ་ཟད་མོས་མཐུན་བྱུང་། འདིས་རང་རེའི་ཞིང་ཆེན་དེ་རྒྱལ་ཡོངས་ཀྱི་གསར་སྐྲུན་ཅན་གྱི་ཞིང་ཆེན་དུ་འཛུགས་སྐྲུན་བྱེད་པར་མཆོག་མཆན་ཐོབ་པའི་ཞིང་ཆེན་བརྒྱད་པ་རུ་གྱུར་བ་དེ་མཚོན།
        ཚན་རྩལ་པུའུ་ཡིས་མཆོག་མཆན་གནང་སྟེ། སི་ཁྲོན་གྱིས་གསར་སྐྲུན་ཅན་གྱི་ཞིང་ཆེན་དུ་འཛུགས་སྐྲུན་བྱེད་པ་དེ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་གསར་སྐྲུན་མཉམ་འགུལ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་གནད་འགག་རང་བཞིན་གྱི་མཚོན་རྟགས་གཙོ་བོ་ཞིག་ལ་བརྩིས་ནས། 2020ལོའི་སྔོན་དུ་གསར་སྐྲུན་རང་བཞིན་ལྡན་པའི་ཞིང་ཆེན་གྱི་མདུན་གྲལ་དུ་བསྐྱོད་ཐུབ་པར་བྱས་ཏེ། ནུབ་རྒྱུད་ས་ཁུལ་དང་ཐ་ན་རྒྱལ་ཁབ་ཀྱི་གསར་སྐྲུན་མཉམ་འགུལ་དང་འཕེལ་རྒྱས་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱ་དགོས། སི་ཁྲོན་གྱི་ཁྱད་ཆོས་ལྡན་པའི་གསར་སྐྲུན་མཉམ་འགུལ་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་པར་འབད་པ་བྱེད་པ་དང་། ཚན་རིག་ལག་རྩལ་གྱིས་གསར་སྐྲུན་བྱེད་པ་ཡིས་མཁོ་སྤྲོད་སྒྲིག་གཞིའི་རིང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ཞིབ་ཕྲའི་སྒོ་ནས་གསར་སྐྲུན་བཅོས་སྒྱུར་དང་ཚོད་ལྟ་བྱེད་པར་སྐུལ་འདེད་དང་། དམག་དམངས་མཉམ་འདྲེས་འཕེལ་རྒྱས་སུ་ཡོང་བར་སྐུལ་འདེད། གསར་སྐྲུན་རང་བཞིན་གྱི་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། གསར་སྐྲུན་རང་བཞིན་གྱི་ཁེ་ལས་འཕེལ་རྒྱས་དང་རྒྱ་བསྐྱེད་གཏོང་བ། ཀུན་གྱི་ལས་གཏོད་དང་དམངས་ཀྱིས་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། གསར་སྐྲུན་གྱི་སྟེགས་བུ་མང་པོ་བསྐྲུན་པ། གསར་སྐྲུན་ལས་སྐྲུན་བྱེད་པའི་འཇོན་མིའི་རུ་དཔུང་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་བཅས་གཙོ་གནད་ལས་འགན་བདུན་མགྱོགས་མྱུར་ངང་ལག་བསྟར་བྱ་དགོས་པའི་བླང་བྱ་བཏོན།
        ཞིང་ཆེན་ཚན་རྩལ་ཐིང་གི་འབྲེལ་ཡོད་ཀྱི་འགན་ཁུར་མི་སྣའི་ངོ་སྤྲོད་བྱས་དོན། རྒྱལ་ཁབ་ཀྱི་གསར་སྐྲུན་ཅན་གྱི་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དེ། རང་རེའི་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་གསར་སྐྲུན་མཉམ་འགུལ་དང་གཞན་སྒྱུར་འཕེལ་རྒྱས་གཏོང་བ། དཔལ་འབྱོར་འཕར་སྣོན་ཡོང་བར་མགྱོགས་ཚད་འབྲིང་མཐོའི་རྣམ་པ་ཤིག་ཆགས་པར་སྐུལ་འདེད་དང་། ཐོན་ལས་འཕེལ་རྒྱས་སུ་འགྲོ་བའི་ཆུ་ཚད་འབྲིང་མཐོའི་ཕྱོགས་སུ་བསྐྱོད་པ། རྒྱལ་ཁབ་ཀྱི་གསར་སྐྲུན་མཉམ་འགུལ་དང་འཕེལ་རྒྱས་གཏོང་བའི་ཞིང་ཆེན་ཞིག་ཏུ་མགྱོགས་མྱུར་དུ་འཛུགས་སྐྲུན་བྱེད་པའི་ཐད་དུ་དོན་སྙིང་གལ་ཆེན་ལྡན་པ་རེད།
        འཆར་འགོད་ལས་2020ལོར་སླེབས་སྐབས། རང་རེའི་ཞིང་ཆེན་གྱི་ཚན་རྩལ་གསར་སྐྲུན་ཅན་གྱི་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་བ་དང་། ཚན་རྩལ་གསར་སྐྲུན་གྱི་ནུས་པ་དེ་སྤྱིའི་ཆ་ནས་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ། ཁྱབ་ཁོངས་རེ་འགའི་ཐད་ནས་རྒྱལ་ཡོངས་སུ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་དགོས་པ་རེད། སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་འགྲོ་གྲོན་གྱིས་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་འབོར་གྱི་2.5%ཟིན་པ་དང་། གསར་སྐྲུན་རང་བཞིན་གྱིས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བའི་ཐད་དུ་འདེགས་སྐྱོར་བྱས་པའི་ཆུ་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན་པར་མ་ཟད། མཐོ་གསར་ལག་རྩལ་ཐོན་ལས་ཀྱི་སྤྱིན་རིན་ཐང་བསྡོམས་འབོར་དེ་སྒོར་དུང་ཕྱུར་2ལས་བརྒལ་བ་རེད། མཐོ་གསར་ལག་རྩལ་གྱི་ཐོན་ལས་དང་བཟོ་ལས་ཀྱི་རིན་ཐང་བསྡོམས་འབོར་གྱིས་བཟོ་ལས་རིགས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་གི་བསྡུར་ཚད་ལས་30%ལས་བརྒལ་བས་གསར་སྐྲུན་ལས་སྐྲུན་བྱེད་པའི་མདུན་ལྗོངས་དེ་སྔར་ལས་ཁོད་ཡངས་སུ་བསྒྱུར་དགོས་པ་གསལ་བོར་བཏོན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1