མགྲོན་ཤོག་ཐོག་གི་བུ་མོ།

གསེར་རྟ། ལྷག་པ་རྒྱལ། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-14


ཨ་ཞང་ཚང་གི་མགྲོན་ཤོག་ཐོག་གི་བུ་མོ་ཟླ་བ་སྒྲོལ་མ་ཁྱེད། །

ན་ནིང་གྱེས་སའི་ཚོང་ཁང་འགྲམ་ན་ང་ལ་རིན་ཐང་གཏམ་བཞིན་འདུག།
ཤུལ་ན་ལུས་པའི་མི་གཤིས་ལྷག་མ་ཚེ་གང་སེམས་ཀྱི་ནོམ་དུ་རློམས། །
ཞེ་དམ་ཤོར་བའི་གསང་བའི་འཕྲིན་ཡིག་སྙིགས་ཟོམ་ནང་དུ་འཕངས་པ་ཕངས། །
རི་ན་འདུག་པའི་སྒོམ་ཆེན་ལྟ་བ་རུ་སྡེའི་སྒོ་རུ་བབས་པ་ན། །
མེ་ལོང་ངོས་ཀྱི་བུ་མོའི་སྒེག་ཉམས་ནུབ་ལུགས་རི་མོའི་ཟོལ་དུ་གྲུབ། །
ཆུ་སྣ་མང་སའི་ཟམ་འོག་དེ་ན་ང་ནི་སུན་ཞིང་ཁྱོད་ལ་སྒུག།
ཡིད་ན་བཅངས་པའི་མཛེས་མ་དེ་ཡང་དམངས་ཀྱི་བརྩམས་ཆོས་གལ་ཆེན་ཞིག།
དུང་བ་རྐང་གཅིག་སྣེ་མོར་འཇུ་སའི་མི་ཚོགས་གཤར་སའི་ལམ་ཟུར་ནས། །
མཛེས་མ་ཁྱོད་ནི་ཉི་མར་ལྡེས་ཏེ་ང་ཡི་སྐད་ཆར་བར་ཆད་བརྩམས།
རླུང་བུ་རྒྱུ་སའི་ཕྲ་ཕུང་སྟེང་གི་རྔུལ་ཆུའི་མུ་ཏིག་ས་རུ་གཏོར། །
རྟིང་མར་བཤད་པའི་བརྩེ་དུང་ཆག་རོ་བྱེ་མའི་འཆིང་བུ་ལྟར་དུ་ཞིག།
གཏམ་གྲོགས་དབེན་པའི་མཚན་ལྗོངས་དེ་ནས་ཆུང་གྲོགས་འགའ་ཡང་དྲན་དུ་བཅུག།
ཆུ་ལ་ཤོར་བའི་མིང་ཤོག་ཐོག་གི་ཁ་པར་ཨང་གྲངས་གཏན་བརྗེད་སོང་། །
དངན་པ་འཐེན་བཞིན་གློ་ཉལ་བྱེད་དེ་ཚོར་བས་ཟིན་པའི་རྩོམ་ཞིག་བྲིས། །
གདོང་ཤུན་མེད་པའི་གླེགས་བམ་སེར་པོས་ང་ལ་ནམ་ཡང་སེམས་གསོ་གནང་། །  


རྩོམ་ཡིག་སྔོན་མ།
འཆི་བ།
རྩོམ་ཡིག་རྗེས་མ།
མེ་ལོང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1