བར་སྣང་ཁམས་ནས་སའི་གོ་ལར་རྒྱང་ལྟ་བྱེད།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-21


 འཁོར་སྐར་གྱིས་བླངས་པའི་ལི་ནཱ་གཙང་པོའི་ཟུར་གསུམ་གླིང་ཕྲན་གྱི་རྒྱ་ཁྱོན་དབྱི་ལི་ཆིག་ཁྲི་ཆིག་སྟོང་ལྷག་ཡོད་པའི་ཡུལ་གྲུའི་ངོ་མཚར་བའི་རྣམ་པ།

   སའི་གོ་ལ་ནི་ཉི་མ་ནས་རྩིས་པའི་རྒྱུ་སྐར་ཨང་གསུམ་པ་དང་། ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་དག་ལས་སྲ་ཤིང་འཁྲེགས་པའི་རྒྱུ་སྐར་ཆེ་གྲས་ཞིག་ཡིན། ཡོངས་གྲགས་སུ་རྒྱུ་སྐར་འདི་ནི་ལོ་ངོ་ཐེར་འབུམ་4དང་དུང་ཕྱུར་5 བྱེ་བ4ལྷག་གི་སྔོན་ནས་གྲུབ་པ་དང་དེའི་ངོས་སུ་ཚེ་སྲོག་བྱུང་སྟེ་ཕལ་ཆེར་ལོ་ངོ་ཐེར་འབུམ་གཅིག་ལྷག་འགོར་ཡོད། ཉི་མའི་འོད་ཚད་ཇེ་མཐོར་སོང་སྟེ་སྐྱེ་དངོས་རིམ་པའི་ཁ་དབུགས་དེ་མེད་པར་མ་བཟོ་བར་དུ་སའི་གོ་ལས་མུ་མཐུད་དུ་ཚེ་སྲོག་དག་ལ་ད་དུང་ལོ་ངོ་ས་ཡ་1.5ལྷག་རིང་ལ་ཚེ་སྲོག་གི་མཐུན་རྐྱེན་ལ་རོགས་རམ་བྱེད་ཐུབ།

   གོ་ལའི་ཕྱི་ངོས་ནི་སྲ་བརྟན་གྱི་ཁག་དུ་མར་བགོས་ཡོད་པ་དང་ས་ཤུན་ལས་གྲུབ་པ་ཡིན་ལ། ཕལ་ཆེར་ངོས་དེའི་བརྒྱ་ཆའི་71་ཚྭ་ཆུས་བཟུང་ཡོད་པ་དང་ལྷག་མ་རྣམས་ལས་གླིང་དང་གླིང་ཕྲན་གྲུབ་ཡོད།

   སའི་གོ་ལས་ནམ་མཁའི་དབྱིངས་ཀྱི་ཕྱི་རོལ་གྱི་ཉི་མ་དང་ཟླ་བ་ཁོངས་སུ་གཏོགས་པའི་དངོས་པོར་ནུས་པ་འདོན་བཞིན། ད་ལྟ་སའི་གོ་ལས་ཉི་མར་སྐོར་བ་རྒྱག་ཐེངས་རེར་གོ་ལ་རང་གི་སྲོག་ཤིང་ལ་ཐེངས་366.26འཁོར་སྐྱོད་བྱེད་བཞིན་ཡོད་པ་ནི་མི་ལོ་གཅིག་གི་རིང་ཚད་དེ་ཉིན་ཞག་365.26 དང་མཚུངས། སའི་གོ་ལའི་འཁོར་མདའ་ནི་ཏུའུ་23.4° ་གསེག་ཏེ་འཁོར་སྐྱོད་ཀྱི་ངོས་སུ་ཐད་གཏུག་བྱས་ཡོད་པ་དང་། དེ་ལས་ལོ་གཅིག་ནང་གི་རྒྱུ་སྐར་ངོས་ཀྱི་དུས་ཚིགས་ཀྱི་འགྱུར་བ་དེ་བྱུང་བ་རེད།  

ཡོ་རབ་གླིང་མཁའ་འགྲུལ་ཅུས་ཀྱིས་མཁོ་འདོན་བྱས་པའི་སའི་གོ་ལའི་ཚོན་རྩི་བྱུག་པ་འདྲ་པའི་ཁ་དོག་མཐོང་དུས་གོ་ལའི་ངོས་སུ་འགྱུར་ལྡོག་འདྲ་མིན་བྱུང་བའི་རྣམ་པ་ངོ་མཚར་བ་ཞིག་ང་ཚོའི་མིག་མདུན་དུ་མངོན།


ཨུ་རུ་སུ་རྒྱལ་ཁབ་ཀྱི་ཁུན་ཏེར་ས་ཆའི་རྣམ་པ་འདི་ནིི་མེ་རི་སོགས་འབྱུང་མྱངས་སའི་ས་ཆ་མ་ཡིན་པར་རང་བྱུང་དུ་ཆགས་པའི་རྣམ་པ་ཞིག་ཡིན།



འཁོར་སྐར་གྱིས་བླངས་པའི་ཁི་རོ་དི་ཡཱ་སྙིང་གི་དབྱིབས་འདྲ་བའི་གླིང་ཕྲན་གྱི་འདྲ་པར།


འཁོར་སྐར་ཨང་བདུན་པས་བླངས་པའི་ཆུ་བོ་གང་གཱ་ནི་རི་བོ་ཧི་མ་ལ་ཡི་རི་རྒྱུད་ནས་དབྱི་ལི་ཆིག་སྟོང་ལྔ་བརྒྱ་དྲུག་ཅུ་ཙམ་བཞུར་བའི་ཆུ་བོ་རིང་མོ་ཞིག་ཡིན། ཆུ་བོ་འདི་རྒྱ་གར་གྱི་པའེ་ཨན་ཆྭར་པམ་ནས་མོང་ཅྭ་ལའི་མཚོ་ཁུག་ཏུ་བརྒྱུད་བཞིན་ཡོད། པར་འདིའི་ནང་གི་བྱེ་མ་ནི་མདོག་དཀར་པོ་རུ་མངོན་ཞིང་། ན་འདམ་གྱི་མདོག་ནི་ལྗང་གུ་རུ་མངོན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1