རུ་སྡེ་ཁྲ་མོ།(ཞར་བཀོད་གཅིག)
ཨ་དོན། [ཀན་ལྷོ] རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-22
1
ས་ཆེན་གྱི་སྒང་ལ་བཏབ་པའི་མུ་ཏིག་འོད་ཆེན།
ཡབ་ཆེན་གྱི་ཐུགས་ལ་བཏེགས་པའི་གསེར་གྱི་གའུ།
གནམ་སྔོན་པོ་ཐང་ལ་བདལ་ས་དེ།
སྤྲིན་དཀར་པོ་སྦྲ་ལ་འཁོར་ས་དེ།
རི་གསུམ་གྱི་རྩེ་ན་འགྱིང་ཡོད།
སྟེང་གསུམ་གྱི་ལྷ་མིས་སྲུང་ཡོད།
བོད་ཡུལ་གྲུའི་ཁབ་ལ་ཚེ་སྲོག་གི་ཀ་བ་ཚུགས་ཡོད།
ནང་ཕུ་ནུའི་དབུ་ལ་ས་འཛིན་གྱི་དར་ལྕོག་བསླངས་ཡོད།
ཨ། ངའི་རུ་སྡེ་ཁྲ་མོ།
གངས་ལ་ཉི་མ་ཤར་ན་ཞེ་ལ་མཚོ་མོ་འཕྱུར་བའི་རུ་སྡེ།
ཞེ་ལ་མཚོ་མོ་འཕྱུར་ན་གདོང་ལ་གངས་མདངས་དོད་པའི་མི་སྡེ།
2
རི་ཀླུང་གི་སྙིང་ལ་ཟུག་པའི་འཇའ་ཚོན་རི་མོ།
ཡུམ་ཆེན་གྱི་པང་ལ་འཁྲུངས་པའི་དངུལ་གྱི་མེ་ཏོག
ས་དོག་མོ་དགུང་ལ་འདྲེས་ས་དེ།
ཆུ་སྔོན་མོ་ལྷོད་ཀྱིས་འཁྱིལ་ས་དེ།
ལུང་གསུམ་གྱི་མདོ་ན་བཞེངས་ཡོད།
རི་གསུམ་གྱི་ལྕགས་རིས་བསྐོར་ཡོད།
ཡུལ་ཆེན་པོའི་ཁམས་ལ་རིགས་རུས་ཀྱི་ཀ་རྡོ་ཚུགས་ཡོད།
མ་སྲུ་མོའི་ཐབ་ལ་དྲོད་ཁོལ་གྱི་རྩ་བ་སོས་ཡོད།
ཨ། ངའི་རུ་སྡེ་ཁྲ་མོ།
སེམས་ལ་རང་སྡེ་འཁོར་ན་ཞེ་ལ་རྟ་ཕོ་འཁོར་བའི་མི་སྡེ།
ཞེ་ལ་རྟ་ཕོ་འཁོར་ན་ངག་ལ་རི་གླུ་བསྐྱིལ་པའི་རུ་སྡེ།
མི་ཆེན་ཕ་ལོ།
1
ས་ཆེན་རྡོག་པས་གནོན་དུས་ཁྱེད་ཉིད་དྲན།
རྨ་ཆེན་གངས་ནས་འགྱིང་བའི་སྐུ་བརྗིད་དྲན།
གནམ་སྔོན་པོའི་ཁ་ཞེང་ཆེ་འདྲ་རེད།
འགྲོ་གོམ་པའི་ས་ལ་ངར་ཞིག་བསྐྱེད།
གསུང་དྲོན་མོའི་རྟིང་ལ་ཀི་ཞིག་འཁོར།
ཞེ་བསམ་པས་མི་ཆེན་ཕ་ལོ་དྲན།
ཨ། མི་ཆེན་ཡ། ཕ་ལོ་ཨ།
སྒང་པ་གངས་ཀྱི་བདག་པོ།
དམའ་བ་རོང་གི་མི་བོ།
2
རྟ་ཕོའི་རྨིག་སྒྲས་བཏེགས་པའི་ཞལ་རས་དྲན།
ཉི་ཆེན་མཁའ་ནས་འཆར་བའི་རྒྱབ་གཟུགས་དྲན།
གངས་མཐོན་པོའི་དབུ་རྩེ་མཐོ་འདྲ་རེད།
རི་ལུང་བའི་ཕུགས་ན་དུ་ཞིག་ཡོད།
སྡེ་མཚོ་མོའི་མཐའ་ལ་སྐྱིད་ཅིག་ཡོད།
ཞེ་བསམ་པས་མི་ཆེན་ཕ་ལོ་དྲན།
ཨ། མི་ཆེན་ཡ། ཕ་ལོ་ཨ།
བཙན་པོ་ལྡོང་གི་མི་བོ།
མཐོན་པོ་འབྲོག་གི་བདག་པོ།