མེ་ཏོག་མཆོད་པ། — སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པར་བྲིས་པ།

བོང་སྟག་རི་ལུ། [མཚོ་ནུབ] རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-22


1
དཔྱིད་ཀྱི་བདག་མོ་སླེབས་ཏེ།།
བསིལ་རླུང་འཇམ་པོར་ལྡང་ན།།
མེ་ཏོག་སྣ་བརྒྱ་བཞད་ཅིང་།།
འཛུམ་གྱི་གང་བུ་གྲོལ་མོད།།
ཁྱེད་ནི་དེ་ལས་ལྡོག་སྟེ།།
འཁྱག་པའི་རུས་པ་འདར་ཞིང་།།
རུས་པའི་རྐང་ཡང་གཟེར་བའི།།
གཙང་མོ་ཆུ་ལས་འཁྲུངས་པའི།།
འབྲི་མར་སེར་པོའི་མཆོད་པ།།
རྗེ་བཙུན་ཙོང་ཁ་པ་ཡི།།
རྨི་ལམ་ཞིང་ནས་མཇལ་བའི།།
མེ་ཏོག་མཆོད་པ་མཚར་རོ།།
2
གདོང་ལ་རླུང་བུ་བརྒྱབ་མེད།།
འདབ་མ་རླུང་གིས་སྒུལ་མེད།།
ལུས་པོ་དྲི་མས་གོས་མེད།།
གང་བུ་སད་ཀྱིས་བཅོམ་མེད།།
ཁྱེད་ནི་འདི་ལྟར་བཞད་དེ།།
ཡིད་ཀྱི་བརྟན་པ་འཕྲོག་ཅིང་།།
སེམས་ཀྱི་དང་བ་འདྲེན་པའི།།
གཙང་མོ་ཆུ་ལས་འཁྲུངས་པའི།།
འབྲི་མར་སེར་པོའི་མཆོད་པ།།
རྗེ་བཙུན་ཙོང་ཁ་པ་ཡི།།
རྨི་ལམ་ཞིང་ནས་མཇལ་བའི།།
མེ་ཏོག་མཆོད་པར་འདུད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1