༄༅།།མང་ཚོགས་ཀྱིས་མཉམ་འཇོག་དགོས་པའི་ཁོར་ཡུག་སྲུང་སྐྱོབ་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 09-18


1.གློག་རྡུལ་གད་སྙིགས་སྦགས་བཙོག་ཅེས་པ་ནི་ཅི་ཞིག་ཡིན།
        གློག་རྡུལ་ཐོན་རྫས་རྒྱུན་ཆད་མེད་པར་གསར་བསྒྱུར་བྱས་པ་དང་བསྟུན་ནས། ལག་ཁྱེར་ཁ་པར་དང་གློག་ཀླད། བརྙན་འཕྲིན་འཕྲུལ་ཆས། འཁྱག་སྒམ་སོགས་མཁོ་མེད་གློག་རྡུལ་རྙིང་ཧྲུལ་ནི་འཛམ་གླིང་སྟེང་འཕར་ཚད་ཆེས་མགྱོགས་པའི་སྙིགས་རོར་གྱུར་ཡོད། གློག་རྡུལ་སྙིགས་རོའི་ནང་དུག་དང་གནོད་པ་ཡོད་པའི་རྒྱུ་ཆ་མང་པོ་ཡོད་པས། གལ་ཏེ་དུས་ཐོག་ཏུ་ཐག་མ་བཅད་ན། ཁོར་ཡུག་དང་མིའི་ལུས་ཕུང་བདེ་ཐང་ལ་གནོད་པ་ཆེན་པོ་ཐེབས་ངེས།
        རྙིང་ཧྲུལ་ཅན་གྱི་ཁྱིམ་སྤྱོད་གློག་ཆས་ནང་གཙོ་བོ་གནོད་ཐེབས་དངོས་རྫས་ཧ་ཡང་དང་ཁད། དངུལ་ཆུ། ཁིར། ཆུ་ཤོག པོར་གྱུར་མེ་འགོག་རྒྱུ་རྫས་བཅས་རྫས་སྣ6ཡོད། གློག་ཀླད་གཅིག་ལས་ན་རྫས་འགྱུར་རྒྱུ་ཆ་སྣ་ཁ700ལྷག་བཀོལ་དགོས་ལ། དེའི་ཁྲོད་ཀྱི50%ཡིས་མིའི་ལུས་ཕུང་ལ་གནོད་པ་ཐེབས་ཤིང་། དེའི་ནང་གི་གནོད་ཐེབས་དངོས་རྫས་མང་པོ་ས་རྒྱུ་ནང་ཤོར་ན་ཆུ་ཁུངས་ལ་སྦགས་བཙོག་བཟོ་བ་དང་ཁོར་ཡུག་ལ་གཏོར་བརླག་ཆེན་པོ་ཐེབས་ངེས།
2.མཐོངས་ཡངས་སུ་གད་སྙིགས་བསྲེགས་པའི་གནོད་པ།
        མཐོངས་ཡངས་སུ་གད་སྙིགས་བསྲེགས་ན་སྦགས་བཙོག་དངོས་རྫས་མང་པོ་འབྱུང་བ་སྟེ། དཔེར་ན་དབྱང་གཉིས་མུ་ཟི་འགྱུར་བ་དང་གཡེང་འཕྱོའི་རིལ་བུ། ཐཱན་དབྱང་འགྱུར་རྫས་དང་དུག་ཡོད་པའི་སྐྱེ་ལྡན་སྦགས་བཙོག་རྡུལ་ཕྲན་བཅས་ཚང་མར་མིའི་ལུས་ལ་གནོད་པ་ངེས་ཅན་ཞིག་ཡོད། དེའི་ཁྲོད་དབྱང་གཉིས་མུ་ཟི་འགྱུར་བའི་གར་ཚད་མཐོ་དུས་མིས་དབུགས་འབྱིན་དཀའ་བ་དང་། དེ་ལས་ཆགས་པའི་གཡེང་འཕྱོའི་རིལ་བུ་མིའི་དབུགས་ལམ་དུ་སོང་ན། གློ་བར་ཐད་ཀར་གནོད་པ་ཐེབས། གཡེང་འཕྱོའི་རིལ་བུ་ནང་གི་ས་རྡུལ་དང་དུ་བ་སོགས་དབུགས་ལམ་ནས་གློ་བར་སོང་ན། དབུགས་ལམ་མ་ལག་ཏུ་ནད་འབྱུང་སླ། ཐཱན་དབྱང་འགྱུར་རྫས་ཀྱིས་མིའི་མིག་དང་སྣ། མིད་པ། གློ་བ་སོགས་ལ་གནོད་པ་ཐེབས་པས། འགོས་ནད་མང་པོ་འབྱུང་ངེས། དཔེར་ན་གློ་ཡུ་ཡན་ལག་གཉན་ཚད་དང་གློ་བའི་གཉན་ཚད། གློ་བའི་སྐྲན་ནད་སོགས་ལྟ་བུ་རེད།
3. སྦགས་བཙོག་གི་ཁོར་ཡུག་ལས་བདེ་ཐང་ལ་གནོད་པ་ཐེབས་པའི་སྐབས་སུ། རང་འགུལ་གྱིས“12369”ཁ་པར་བརྒྱབ་སྟེ་ཞུ་གཏུག་བྱེད་དགོས།
        རང་གི་ཉེ་འགྲམ་ནས་ཁོར་ཡུག་སྦགས་བཙོག་དོན་རྐྱེན་ནམ་རང་གི་བདེ་ཐང་ལ་གནོད་པའི་ཁོར་ཡུག་སྦགས་བཙོག་གི་བྱ་སྤྱོད་བྱུང་ན། རང་འགུལ་གྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི“12369”ལ་ཁ་པར་བརྒྱབ་སྟེ་ཞུ་གཏུག་བྱེད་དགོས།
        ཁོར་ཡུག་སྲུང་སྐྱོབ་ཁ་པར“12369”ལ་རྒྱག་དུས། གཅིག་ནི་མགྱོགས་དགོས། ཁ་པར་མགྱོགས་པོར་བརྒྱབ་ན། དོན་རྐྱེན་བྱུང་མ་ཐག་ཏུ་ནུས་ལྡན་སྒོས་ཚོད་འཛིན་དང་ཐག་གཅོད་བྱེད་ཐུབ། གཉིས་ནི་ཡང་དག་ཡིན་དགོས། འབྲེལ་ཡོད་སྡེ་ཁག་གིས་གནད་དོན་གྱི་ངོ་བོ་རྩད་གཅོད་པར་ཕན་ཐོགས་ཆེད། ཞུ་གཏུག་བྱེད་པའི་དོན་རྐྱེན་ལ་གསལ་བཤད་ཡང་དག་བྱེད་དགོས་པ་ལས། དོན་དངོས་སྒྲོ་འདོགས་བྱ་མི་རུང་། གསུམ་ནི་དོན་རྐྱེན་བྱུང་བའི་ས་གནས་དང་དུས་ཚོད། ཞུ་གཏུག་མཁན་གྱི་མིང་དང་འབྲེལ་གཏུག་བྱེད་ཐབས་སོགས་གསལ་པོར་བཤད་དགོས། དེ་ལྟར་བྱས་ན་བྱ་བ་བྱེད་མཁན་གྱི་ཡུལ་དངོས་ཞིབ་བཤེར་ལ་ཕན་པ་ཡོད་ལ། འབྲེལ་ཡོད་སྡེ་ཁག་གིས་དུས་ཐོག་ཏུ་ཞུ་གཏུག་མཁན་ལ་ཐག་བཅད་པའི་མཇུག་འབྲས་ཀྱི་ལན་འཇལ་བར་ཡང་ཕན་པ་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1