ཟླ་9ཚེས་18ཉིན། བོད་ལྗོངས་ཀྱི་འབྲོག་པ་མང་ཚོགས་ཀྱིས་བྲེལ་བ་དང་བཅས་ཏེ་གཟན་རྩྭ་བརྔ་བསྡུ་དང་གསོག་འཇོག་བྱེད་བཞིན་ཡོད་པ་རེད། བོད་ལྗོངས་སུ་མིའི་ཐབས་ཀྱིས་རྩྭ་འདེབས་པ་རྫོང་37དུ་ཁྱབ་སྤེལ་བྱས་ཤིང་། རྒྱ་ཁྱོན་མུའུ་ཁྲི་30ལྷག་ཟིན་པ་དང་། དཔལ་འབྱོར་ཕན་ནུས་ནི་སྒོར་དུང་ཕྱུར་4ཟིན་པ་རེད། བོད་ལྗོངས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཀྱི་དམིགས་ཡུལ་ནང་དུ། བོད་ལྗོངས་ཡོངས་སུ་མིའི་ཐབས་ཀྱིས་རྩྭ་འདེབས་པའི་རྒྱ་ཁྱོན་མུའུ་ཁྲི་100གསར་སྣོན་བྱ་རྒྱུ་རེད།