གསེར་གཞོང་ཐང་གི་འཆར་སྣང་།

རྡོ་སྦིས་ཀླུ་རྒྱལ་དོན་གྲུབ། (གཙོས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-27


ལོ་ཟླའི་འཁྲང་ལམ་ཞིག་གི་ཟུར་སྣེ་རུ།
དབྱར་ཟླ་དྲོན་མོ་ཞིག་གི་ཕ་རོལ་དུ།
རྨི་ལམ་ཡག་པོ་ཞིག་གི་མཛེས་ལྗོངས་ཡོད།
དེ་ནི་འབྲོག་དམངས་སྐོར་ཞིག་གི་འཛུམ་མདངས་ཡིན་ལ།
འཁྲེང་སེམས་དམར་པོ་ཞིག་གི་ཤུལ་ལམ་ཡང་ཡིན།
ངས་ལོ་རྒྱུས་ཀྱི་ཐུ་འོག་ནས།
འབྲོག་པ་རྒད་པོ་ཞིག་གི་སྙིང་གཏམ་ལ་རོལ་དུས།
འཚོ་བ་སྐྱུར་མོ་ཞིག་གི་མངར་ཁ་བསློགས་བྱུང་།
ངས་བསམ་པའི་ཀློང་གི་རྦ་རླབས་ཀྱང་ཡང་ཡང་དཀྲུགས།
རེད་ཡ།
མི་འགྱངས་པར་ཀ་ཤུལ་ཚོ་ཤོག་འདི།
བྲག་དཀར་ལུང་བའི་རྒོད་ཁྱུ་དང་།
གསེར་གཞོང་ཐང་གི་ནོར་ལུག་བཞིན།
བག་ཕེབས་དང་རང་དབང་གི་འཚོ་བར་འབྲལ་ངེས་ཤིང་།
གདོད་མའི་སྲོལ་རྒྱུན་ཞིག་ནས་ཀྱང་ཀུན་ནས་ཐར་ལ་ཉེ།
ཡིན་ཡང་།
གནས་འདིའི་གང་ཟག་འགའ་ཡིས་རྨི་ལམ་དུ།
འདི་ནི་རྟག་ཏུ་ཡོལ་རྒྱུ་མེད་པའི་མེ་ཏོག་ཅིག་དང་།
ནམ་ཡང་སུན་སྣང་བྲལ་བའི་སྒྲུང་གཏམ་དུ་སེམས་ཡོད་པས།
ཕྲན་གྱི་མནོ་བསམ་ལའང་འགྱུར་ལྡོག་ཐེངས་ཤིག་ཐེབས་སོང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1