ཀྲུང་གོ་ཐང་ག་འགྲེམ་སྤེལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་སློབ་རིག་གསུམ་རྩ་འཛུགས་སུ་ཚུད་པ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-15


        སྤྱི་ཟླ11པའི་ཚེས10ཉིན་ལ།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་སློབ་རིག་གསུམ་རྩ་འཛུགས་དང་ཀྲུང་གོ་རྒྱལ་ཡོངས་རིག་གནས་ཁྱབ་སྤེལ་ལྟེ་གནས་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་སྣག་རིས་གཅིག་སྡུད། ཐང་ག་འགྲེམ་སྟོན་ཞེས་པའི་ཐང་ག་འགྲེམ་སྟོན་གྱི་བྱེད་སྒོ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་ཕ་རི་སི་སྤྱི་ཁྱབ་ཁང་དུ་སྤེལ།  སྒྱུ་རྩལ་གྱི་ཁྱད་ཆོས་འབུམ་གྱིས་ཕྱུག་པའི་རེབ་གོང་གི་ཐང་ག་ཉི་ཤུ་ལྷག་གིས་ལྟད་མོ་བའི་མིག་དབང་འཕྲོག་ཅིང་།  བོད་ཀྱི་ཐང་གའི་སྒྱུ་རྩལ་གྱི་ཞིབ་ཚགས་མཚོན་ཐབས་དང་མཚོན་དོན་ཕུན་སུམ་ཚོགས་པ་མི་རྣམས་ཀྱི་ནང་སེམས་སུ་འཇགས་པ་རེད། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1