ཟླ་11ཚེས་21ཉིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་གྱི་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་དུ་ད་ལོའི་གངས་འབབ་ཐེངས་ཐོག་མ་ཡིན་པ་རེད། རི་ལུང་ཀུན་དུ་གངས་ཀྱིས་གཡོགས་ཡོད་པས། གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་ཤིང་སྡོང་དང་། བྲག་རི། སྡོད་ཁང་། རི་རྩེ་སོགས་ལ་དངུལ་དཀར་གྱི་ལྭ་བ་ཞིག་བསྣམས་པ་དང་འདྲ་ལ། ཡུལ་སྐོར་བར་ལྷ་ཡུལ་ཁམས་ཤིག་ཏུ་འབྱོར་བའི་མྱོང་ཚོར་སྟེར་བ་རེད།།