རིན་མེད་ཁ་ལོ་བའི་གཞུང་ལུགས་སློབ་པར་འབྲོག་པ་ཚོས་དགའ་བསུ་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་རྒྱང་སྒྲོག་ཁང་། སྤེལ་དུས། 12-27


     ཉེ་ལམ་ཛམ་ཐང་རྫོང་གིས་ཞིང་འབྲོག་མང་ཚོགས་ལ་ཁ་ལོ་བའི་གཞུང་ལུགས་ཀྱི་གསོ་སྦྱོང་སྤེལ་བ་ནས་བཟུང་། བོད་སྐད་དགེ་རྒན་གྱི་ཁ་གསལ་བའི་འགྲེལ་བཤད་བརྒྱུད། འབྲོག་པའི་སློབ་མ་རྣམས་ཀྱི་སློབ་སྦྱོང་གི་སྤྲོ་བ་རྒྱས་ཏེ། བོད་སྐད་ཀྱིས་གཞུང་ལུགས་ཤེས་བྱ་ཁྲིད་པའི་ཐབས་ལམ་ལ་དགའ་བསུ་ཆེན་པོ་ཐོབ།
     སློབ་སྦྱོང་གི་ཡུལ་དངོས་སུ། སློབ་མ་ལ་ལས་ལག་པ་བཀྱག་ནས་དགེ་རྒན་ལ་དྲི་བ་འདྲི་བ་དང་དགེ་རྒན་དང་སློབ་སྦྱོང་གི་ཐབས་ལམ་ཐད་བསམ་བློ་བརྗེ་རེས་བྱས་ཏེ་སློབ་སྦྱོང་གི་མཁའ་དབུགས་གསར་པ་ཞིག་ཆགས། འབྲོག་པ་མང་ཚོགས་ཀྱི་རྒྱ་ཡིག་ཞན་པས་དགེ་རྒན་གྱིས་བོད་སྐད་ཀྱི་ལམ་ནས་ཁ་ལོ་བའི་གཞུང་ལུགས་ཤེས་བྱ་ཁྲིད་པར་སྤྲོ་བ་ཆེན་པོ་སྐྱེས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1