རིག་གནས་ཀྱི་བྱེད་སྒོ་ཆེན་པོ་བཅུས་བོད་ལྗོངས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོར་བསྟན།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ།  སྤེལ་དུས། 12-28


        2017ལོ་མཇུག་སྒྲིལ་ལ་ཉེ་དུས། ལོ་གཅིག་གི་མཚར་སྣང་གིས་མིར་དྲན་སྣང་གང་མང་མང་ཞིག་སྟེར་ཏེ།  ཀྲུང་གོའི་བོད་ལྗོངས་དྲ་བས་ལོ་འཁོར་འདིའི་ཆེས་ཤུགས་རྐྱེན་ལྡན་པའི་འགྲེམས་སྟོན་ཆེན་པོ་བཅུ་ལེགས་སྒྲིག་བྱས་ཡོད་ཅིང་། སྣ་མང་ཕུན་སུམ་ཚོགས་ཀྱི་རིག་གནས་ཀྱི་བྱེད་སྒོ་འདི་དག་གིས་བོད་ལྗོངས་ཀྱི་རྔམས་མཐུག་པའི་རིག་གནས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོར་བསྟན་ཡོད།  པར་རིས་འདི་ནི2017ལོའི་ཟླ་དང་པོར། 《འབྲི་གཡག་པེ་ཅིང་དུ་བསྐྱོད་པ་སྟེ། ས་མཐོའི་འབྲི་གཡག་རིག་གནས་འགྲེམས་སྟོན》ཞེས་པ་རྒྱལ་ས་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་པ་རེད། འདི་ཡང་བོད་ལྗོངས་འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་སྟོན་དངོས་རྫས་རྩ་ཆེན་གྱི་རིགས་ཐེངས་དང་པོར་པེ་ཅིང་ཕྱོགས་སུ་སྐྱོད་དེ་རྒྱལ་སའི་མི་དམངས་དང་འབྲེལ་འདྲེས་ཐུབ་པ་བྱུང་བ་རེད། 
          2017ལོའི་ཟླ7པར། “རྨི་ལམ་ནས་ས་མཐོར་ཕྱིར་ལོག་པ”ཞེས་པའི་ལེའོ་ཉིང་ཞིང་ཆེན་ལེའོ་དབྱང་གྲོང་ཁྱེར་གྱི་སློབ་འབྲིང་དང་པོའི་བོད་ལྗོངས་འཛིན་གྲྭའི་དགེ་སློབ་ཀྱི་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན་དེ་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་འགོ་ཚུགས་ཤིང་། ད་ཐེངས་ཀྱི་བརྩམས་ཆོས་འགྲེམས་སྟོན་ནི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི“ རིག་སྟོབས་བོད་སྐྱོར” གྱི་ཇུས་གཅོད་ལག་ལེན་མཐིལ་ཕྱིན་དང་། རྒྱུན་ཆད་མེད་པར་བོད་ལྗོངས་འཛིན་གྲྭའི་སློབ་གཉེར་ཉམས་མྱོང་ཕྱོགས་བསྡོམས་དང་གཏིང་ཟབ་ཏུ་བཏང་བའི་གྲུབ་འབྲས་འགྲེམས་སྟོན་བྱས་པ་རེད།
          2017ལོའི་ཟླ8པར། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་ཆེད།  བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། མི་རིགས་རིག་གནས་ཕོ་བྲང་གིས་གཉེར་འགན་འཁུར་ཏེ་ཀྲུང་གོའི་པར་རྒྱག་མཁས་ཅན་མཐུན་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་པའི“ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་སྟེ། སྐབས་བཅུ་པའི་བོད་ཀྱི་ཇོ་མོ་གླང་མའི་པར་རིས་འགྲེམས་སྟོན”ཞེས་པ་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།
          2017ལོའི་ཟླ8པར། རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་པའི“ མི་རིགས་ཀྱི་གནའ་ཤུལ་རྩ་ཆེན། ཀྲུང་གོའི་ཁྱིམ་རྒྱུད་དཔེ་ཆ་སྟེ། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་རྩ་ཆེན་དང་སྲུང་སྐྱོབ་གྲུབ་འབྲས་ཀྱི་འགྲེམས་སྟོན”ཞེས་པས་གྲངས་ཉུང་མི་རིགས་མི་འདྲ་བས་བྲིས་པའི་དཔེ་རྙིང་འགྲེམས་སྟོན་བྱས་ཏེ། ལྟད་མོ་བར་བར་ཐག་ཉེ་བའི་ངོས་ཐད་ནས་ཀྲུང་ཧྭ་མི་རིགས་ཀྱི་རྒྱ་ཆེ་གཏིང་ཟབ་ཀྱི་གནའ་བོའི་ཤེས་རིག་ལ་མྱོངས་སུ་བཅུག་པ་དང་དུས་མཚུངས་སུ། དེ་བས་ཀྱང“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་ངང་ནས་ཀྲུང་གོའི་ཕུགས་འདུན་བསྐྲུན”ཞེས་པའི་དོན་སྙིང་གལ་ཆེན་ལ་གོ་བ་ལེན་དུ་བཅུག 
          2017ལོའི་ཟླ9པར། “ འབད་འབུངས་ཧུར་ལེན་གྱི་ལོ་ལྔ”ཞེས་པའི་གྲུབ་འབྲས་འགྲེམས་སྟོན་ཆེ་གྲས་དེ་པེ་ཅིང་འགྲེམས་སྟོན་ཁང་དུ་འགྲེམས་སྟོན་བྱས་ཏེ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་འགྲེམས་སྟོན་བྱས། དེའི་ཁྲོད་དུ། བོད་རང་སྐྱོང་ལྗོངས་ཀྱི་ལོ་ལྔའི་དུས་ཚོད་ནང་གི་དཔལ་འབྱོར་དང་། རིག་གནས།  དམངས་འཚོ།  སློབ་གསོ་ལ་སོགས་པའི་བྱ་གཞག་ཁག་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པར་བྱས། 
          2017ལོའི་ཟླ9པར། ཀྲུང་གོའི་པེ་ཅིང་རྒྱལ་སྤྱིའི་རིག་གནས་གསར་གཏོད་ཐོན་ལས་དངོས་མང་འགྲེམས་སྟོན་ཚོགས་འདུ་སྐབས་བཅུ་གཉིས་པ་དེ་ཀྲུང་གོ་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་འགོ་ཚུགས་ཤིང་། བོད་རང་སྐྱོང་ལྗོངས་ནས་ཕེབས་པའི་རིག་གནས་ཁེ་ལས13གྱིས་བོད་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་གསར་གཏོད་ཐོན་ཟོག་སྣ་ཁ300ལྷག་འཁྱེར་ནས་འགྲེམས་སྟོན་ནང་དུ་ཞུགས་པ་དང་། འདི་གར། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱིས་འོད་མདངས་ཕན་ཚུན་འཕྲོ་བར་བྱས།
          2017ལོའི་ཟླ9པར། “ངོ་མཚར་བའི་བོད་ཡུལ་གྱི་འཇའ་ཚོན། བློ་གྲོས་ཀྱི་མཛེས་ལྗོངས”ཞེས་པའི་བརྩོན་འགྲུས་རབ་རྒྱས་ཀྱི་ཐང་གའི་སྒྱུ་རྩལ་གྱི་བརྩམས་ཆོས་པེ་ཅིང་དུ་འགྲེམས་སྟོན་བྱས་ཤིང་། ཐེངས་འདིའི་འགྲེམས་སྟོན་དུ་བརྩོན་འགྲུས་རབ་རྒྱས་ཀྱིས་སྔ་དུས་སུ་བྲིས་པའི་གཅེས་ཉར་གྱི་བརྩམས་ཆོས་དང་། ཉེ་དུས་སུ་བྲིས་པའི་བོད་ཀྱི་རི་མོའི་བྲིས་རྒྱུན་ཆེན་པོའི་ཁྱད་ཆོས་རྣམས་གཅིག་འདྲེས་བྱས་པའི་ཐང་ག་རྩེ་གྲ་སྤུས་ལེགས་འགྲེམས་སྟོན་བྱས་པར་མ་ཟད། དུས་མཚུངས་སུ་ཆེད་དམིགས་ཀྱི་འགྲེམས་ཁུལ་བཀོད་སྒྲིག་བྱས་ཏེ་རིང་ཚད་ལ་སྨི་སྟོང་ཕྲག་ལྷག་ཡོད་པའི་ཐང་ག་ཆེ་གྲས《 ཀུན་འདུས་ཞལ་ཐང་ཆེན་མོ》གལ་ཆེན་པོའི་སྒོ་ནས་མཚམས་སྦྱོར་བྱས་ཤིང་། ཐང་ག་ཆེ་གྲས་འདི་ཧྲང་ཧེ“འཛམ་གླིང་ཅི་ཉི་སིའི་ཟིན་ཐོའི་གསར་གཏོད་ཆེ་ཤོས”སུ་བདམས། 
          2017ལོའི་ཟླ9པར། སྐབས་བཅོ་ལྔ་པའི་ཀྲུང་གོའི་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཉོ་ཚོང་ཚོགས་འདུ་དེ་པེ་ཅིང་དུ་འཚོགས་པ་དང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་འདི་རུ་གཅིག་བསྡུས་ཀྱིས་འགྲེམས་སྟོན་བྱས་ཤིང་།  བོད་ལྗོངས་ཀྱི་འགྲེམས་ཁང་དུ་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་ནས་ཡོང་བའི་ཞིང་ལས་ཐོན་རྫས་འདྲ་མིན་སྣ་ཚོགས་ཡོད་དེ། ཚགས་ཤ་སྐམ་པོ་དང་དབྱར་རྩྭ་དགུན་འབུ་སོགས་ཁྱད་ལྡན་གྱི་ཐོན་རྫས་ཡོད་ལ། ཡང་ཉེ་བའི་ལོ་ཤས་རིང་གསར་གཏོད་བྱས་པའི་ནས་ཀྱི་སྐྱུར་ཁུ་དང་། བོད་ལྗོངས་ཀྱི་རྩྭ་རིགས་སོ་སྨན་སོགས་ཀྱི་ཐོན་རྫས་ཀྱང་ཡོད།
          《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་དོ་དམ་བྱེད་ཐབས》 (བསྡུས་མིང་ལ་《བྱ་ཐབས》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་དང་ལག་བསྟར་བྱས་ནས་ལོ་ངོ10འཁོར་བའི་སྐབས་སུ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དུ་《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ཆེད་དོན་འགྲེམས་སྟོན》ཞེས་པ་སྤེལ།
          ཀྲུང་གོའི་མཛེས་རྩལ་ཁང་གི་འགྲེམས་ཁང་དུ་ཉར་བའི་ཐང་གའི་བརྩམས་ཆོས་བཅུ་ལྷག་འགྲེམས་སྟོན་བྱས་ཤིང་། ངོ་སྤྲོད་བྱས་པར་གཞིགས་ན། ཉར་ཚགས་བྱས་པའི་ཐང་གའི་བརྩམས་ཆོས་འདི་དག་ནི2017ལོའི་ཟླ་དང་པོར་ཀྲུང་གོའི་མཛེས་རྩལ་ཁང་དུ་གཉེར་བའི《མཁའ་དབྱིངས་ཀྱི་བོད་ལྗོངས》ཏེ།  བོད་ཀྱི་ཐང་གའི་བརྩམས་ཆོས་སྤུས་དག་འགྲེམས་སྟོན་གྱི་བརྩམས་ཆོས་ཁག་གཅིག་ཡིན་ཞིང་། འདི་ནི་ཀྲུང་གོའི་མཛེས་རྩལ་ཁང་བཙུགས་པ་ནས་བཟུང་ད་ལྟའི་བར་བོད་ལྗོངས་ཀྱི་དེང་རབས་ཐང་གའི་བརྩམས་ཆོས་ཉར་ཚགས་བྱས་པ་ཐེངས་དང་པོ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1