མི་གཞིའི་གཙུབ་བརྡར།
འབྲོག་བསམ་གཏན། (མཚོ་བྱང)
དང་པོ་བདག་གི་མི་གཞི ཡིན།།
བཙན་པོའི་མདུང་རྩེ་བཞིན་དུ་དྲེགས་པས་བསྒྲེངས།།
བར་དུ་ང་ཡི་མི་གཞི ཡིན།།
བདེན་པའི་དར་ཆ་ལྟར་དུ་སྤོབས་པས་ཕྱར།།
དེ་རྗེས་ཁོ་བོའི་མི་གཞི ཡིན།།
གྲུ་ག་ཟུར་ཁ་ཚང་མ་བརྡར་ནས་ཟད།།
ད་ལྟ་ཕྲན་གྱི་མི་གཞི ཡིན།།
ཁྲམ་དང་གཡོ་སྒྱུས་ཕྱེད་ཀ་བསླད་དེ་འཛད།།