ང་ཡི་མིག་མདངས་ལ་མ་ལྟ་རོགས།
འདོད་སྨྱོན། (ཡུལ་ཤུལ)
ང་ཡི་མིག་མདངས་ལ་ཞིབ་ཏུ་མ་ལྟ་རོགས
ངག་གི་སྨྲ་བ་དེ་བཅད་ནས་ཡུན་རིང་འགོར་ཡོད
ང་ལ་སུ་ཡིན་གྱི་སྐད་ཆ་དེ་མ་འདྲི་རོགས
སེམས་པ་མེ་ལ་སྦར་བྱེད་ཀྱི་གཏམ་རྒྱུད་དེ་དུམ་བུར་བཏུབ་ཟིན
ང་ལ་སང་ཉིན་གྱི་ཞོགས་པ་དེ་མ་གླེང་རོགས
མི་ཚེ་ཐུང་ཐུང་གི་མཚན་ནམ་རིང་མོ་དེ
མདུད་པ་ཞིག་གི་ཚུལ་དུ་རང་གཅིག་པུས་རེ་རེ་ནས་བཀྲོལ་དགོས་འདུག
ལན་གྲུ་རུ་བྲིས།