ང་རྒྱལ།(ཞར་བཀོད་གཅིག)
འབའ་སྨད་རྒྱལ་ལོ་ཚེ་རིང་།(ལྷ་ས)
གྲིབ་མས་ང་ཡི་ང་རྒྱལ་དབོར་ཏེ་འགྲོ་བཞིན་ཡོད
གྲིབ་མས་ང་རྒྱལ་གྱི་གོམ་པ་སྤོ་སྐབས
མདུན་གྱི་སྦྲང་ནག་དེ་ཉི་མའི་འོད་ཟེར་གྱིས་བརྙས
ཉི་མའི་འོད་ཟེར་གྱི་དབང་གིས
བདག་གི་གོམ་སྒྲ་དེ་ཐང་ལ་བསྒྱེལ་ཏེ་གས་ཆག་ཏུ་གྱུར
2016.7.3དཔེ་ཁང་དུ།
སུས་ཀྱང་མི་ཚོར་བའི་མཇུག་འབྲས།
ང་ཚོས་མཉམ་དུ་གུང་ཟས་འདི་རོལ་རྗེས
ང་ཚོ་ནི སེང་གེ་ལྟ་བུ་ཞིག་ཡིན་ནའང
ནགས་ཚལ་གྱི་གཡོ་སྒྱུ་འཁྲིས་སུ་བཟུང་ཡོད་པས
སྤྲིན་དཀར་གྱིས་རང་དབང་མེད་པར་མིག་ཆུ་བཞུར
2015.4.22ཟ་ཁང་ཞིག་ཏུ།