གལ་ཏེ། ཁྱོད་ཀྱིས་ང་ལ་བདེ་སྐྱིད་ནི་ཅི་ཡིན་ཞེས་དྲིས་ཚེ།
ཚྭ།(མགོ་ལོག)
ངས་རི་བོའི་ཉག་ག་ནས་ཟླ་བ་འཆར་བ་མཐོང་མྱོང་ལ
ཉི་ནུབ་ཀྱི་སྐྱོ་འཛུམ་ཡང་ལན་མང་མཐོང་མྱོང
དེ་དག་ཤིན་ཏུ་མཛེས་སྡུག་ལྡན་པ་ཞིག་རེད་མོད
འོན་ཀྱང དེ་འདྲའི་དོན་སྙིང་དང་ལྡན་པ་ཞིག་མ་རེད
མཛེས་སྡུག་ལྡན་ལ
དོན་སྙིང་མངའ་བའི་ཡིད་འོང་གི་རྟག་བརྟན་དེ་ནི
བྱིས་པ་ཞིག་གི་ཡིད་དུ་འོང་བའི་ངོ་གདོང་ཆུང་ཆུང་དེ
ཨ་མའི་ཕྲག་གོང་ནས་འཛུམ་ཡོང་བ་དེ་རེད