མི་དམངས།

གྲ་གཉེན་ཚེ་རྒྱལ། (ལྷ་ས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03


 མི་དམངས།

 

                                                           གྲ་གཉེན་ཚེ་རྒྱལ། (ལྷ་ས)

              མི་དམངས་ཀྱི་དོན་དུ་མལ་ལས་ལངས

              མི་དམངས་ཀྱི་དོན་དུ་ཞོགས་ལྟོ་ཟོས

              མི་དམངས་ཀྱི་དོན་དུ་བསམ་བློ་བཏང

              མི་དམངས་ཀྱི་དོན་དུ་སྐད་ཆ་བཤད

              མི་དམངས་ཀྱི་དོན་དུ་སྙན་ཞུ་བྲིས

              མི་དམངས་ཀྱི་དོན་དུ་ཉི་མར་བསྲོས

              མི་དམངས་ཀྱི་དོན་དུ་གཉིད་ཐེབས་ཆག

              མི་དམངས་ཀྱི་དོན་དུ … …

 

              བཙལ་བཙལ་བའི་མཐར་མི་དམངས་ཞེས་པའི་གདགས་བྱ་ཞིག་མ་རྙེད


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1