ནམ་གུང་གི་སྐད་ཆ།
གཡག་གྲུ་གཟིངས། (ཟི་ལིང)
བསམ་གཞིག་གི་སྒྲོམ་བུར་དྲན་པའི་རི་མོ་བྲིས་ན
ངས་ཁྱེད་ཀྱི་མིག་ཟུང་མཐོང་ཐུབ
སྐད་ཆ་ཁ་ཤས
ནམ་གུང་ལ་བཤད་རྗེས
ནམ་གུང་ལ་ཚར་དགོས
མཚན་མོ་ཧ་ཅང་རིང
ནམ་གུང་གི་སྐད་ཆས
ངའི་སེམས་ཚོར་ལ་གཤོག་པ་ཐོགས་སུ་བཅུག
ཕྱི་རོལ་གྱི་ཟླ་འོད་མག་མོག་གིས
ལོ་རབས་ཤིག་གི་འདས་སོང་ལ་བཀའ་འདྲི་གནང་ཞིང
ཚོད་ཚོད་ལ་གྱེར་བའི་སྙན་ངག་གཅིག་པུས
ངས་རང་ཉིད་ལ་བདག་པོ་ཡོད་པའི་བདེན་དཔང་རྟོགས་སོང
སྐད་ཆ་མང་པོ་ཞིག
ནམ་གུང་གླེང་ན
སང་ཉིན་ནི་རང་ཉིད་གཅིག་པུའི་གསོལ་སྟོན་དུ་བཤམ་ཆོག
ནམ་གུང་གི་སྐད་ཆ
འཚོ་བའི་ཟབ་ཚད་ལ་འཇུས་ཏེ
མཆི་མས་བངས་པའི་ལོ་ཟླ
ཡང་བསྐྱར་རྨི་ལམ་ལ་འཁྲུལ་དུ་བཅུག
ནམ་གུང་གི་སྐད་ཆ
མདོར་དེད་ན་མ་འོངས་པ་ཡིན
2017/5/19ལ་ཙོང་ཁ་ནས་བྲིས།