སྙིང་ཉེ། དཔྱིད་ཀ་སླེབས་བྱུང་།
སངས་རྒྱས་དོན་གྲུབ། (མཚོ་ནུབ)
བསིལ་བུ་ལྷོད་ལྷོད་ཀྱིས་ལྡང་གིན
ལྗོན་ཤིང་གི་ཚོགས་རྣམས་ཡང་ཡང་སྒུལ
རྣམ་ཤེས་ཐོགས་པའི་དུས་ཚིགས་ཧ་ཅང་མཛེས
སྙིང་ཉེ དཔྱིད་ཀ་སླེབས་བྱུང
དཔྱིད་ཀའི་ཉི་ཐིག་ལ་གཟུགས་མེད
སྒྲ་མེད དྲི་མེད རོ་མེད རེག་བྱའང་མེད
འོན་ཏེ དཔྱིད་ཀར་སྒུག་པ་དེ་མཛེས་སྡུག་གི་རྨི་ལམ་འཐགས་པའོ
ཁ་བས་སེམས་པ་འཁྱག་ཏུ་བཟོས་ཀྱང
གཏམ་རྒྱུད་ཅིག་ལ་བརྗེད་བྱང་བཀོད་པའི་སྔ་རོལ་ཏུ
གཏམ་རྒྱུད་ཅིག་གི་དབུ་ཁྱུད་སླར་དུ་བྲིས
ཁུ་སིམ་མེར དལ་འཇགས་གེར
དཔྱིད་ཀ་སླེབ་སྟངས་ནི་ལྐོག་གྱུར་གྱི་རོལ་དབྱངས་ཟ་ཟི
སྙིང་ཉེ དཔྱིད་ཀ་སླེབས་བྱུང