སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་སྤྱི་ཟླ་དང་པོའི་ཚེས་26ཉིན་ནས་སྤྱི་ཟླ་2པའི་ཚེས་1ཉིན་བར་ཁྲེང་ཏུའུ་རུ་ཚོགས་རྒྱུ་ཡིན་པ་དང་། ཚོགས་ཡུན་ཉིན་དྲུག་ཡིན་པ་རེད། སྤྱི་ཟླ་དང་པོའི་ཚེས་26ཉིན་གྱི་སྔ་དྲོར་ཚོགས་ཆེན་དངོས་སུ་ཚོགས་འགོ་བརྩམས། ཐེངས་འདིའི་ཚོགས་གྲོས་ཚོགས་ཀྱི་གྲོས་རིམ་གལ་ཆེན་ཞིག་ནི་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་མཉན་རྒྱུ་དེ་ཡིན་པ་རེད། ཞིང་དཔོན་དབྱི་ལི་ཡིས་ཚོགས་ཆེན་ལ་སྙན་ཞུ་ཕུལ།།