གོམ་པ་སྤོ་དུས
རྐང་མགོར་གངས་རི་ཞིག་ཆགས་འདུག
རི་ར་བ་ཁང་ཁྱིམ་ངག་ལྐུགས་པ་ལྟར་ང་ལ་ཅེར
གོམ་པ་སྤོས་རྗེས
མདུན་ན་གཙང་པོ་ཞིག་དང
རྒྱབ་ན་རྐང་རྗེས་ཤིག་མ་གཏོགས་མི་འདུག
ལམ་རྐེད་ནས་ཕྱིར་ལ་འཁོར་ཏེ
མཛའ་གཞས་ཤིག་བཏང་བ་དེའང
ལམ་རྐེད་ནས་འཇགས
ཁྱོད་ཀྱང་ང་དང་འདྲ་སྟེ
ལུས་པོ་ཡོད་ཀྱང་གྲིབ་གཟུགས་མི་འདུག
༢༠༡༧.༦.༢༦ཉིན་ཁྲང་ཨན་མཁར་དུ།